གཞིས་རྩེ(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་རྒྱལ་ཁབ་ཀྱི་མིང་གཞུང་དུ་ཚུད་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་ཁག་གསར་པ་སྐྲུན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། གཞིས་རྩེ(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་བདེ་བླག་ངང་ཚུད་ཡོད་པ་རེད།
གཞིས་རྩེ(སྐྱིད་གྲོང)སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་ནི《རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་བཀོད་སྒྲིག་དང་འཛུགས་སྐྲུན་འཆར་འགོད》ནང་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་སྐམ་སའི་མཐའ་མཚམས་འགག་སྒོ་རྣམ་པའི་རྒྱལ་ཁབ་ཟོག་འགྲེམས་ལྟེ་གནས་16གི་གྲས་ཤིག་ཡིན་པ་དང་། དེ་ཉིད་འཛུགས་སྐྲུན་བྱེད་པ་དེ་ནི《རྒྱུད་གཅིག་ལམ་གཅིག》གི་གྲོས་འགོར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། “བགྲོད་ལམ་དང་། ལྟེ་གནས། དྲ་རྒྱ་བཅས་ཟུང་དུ་འབྲེལ་བའི”མ་ལག་འཛུགས་པ། གཞིས་རྩེའི“ས་ཁོངས་ལྟེ་བའི་གྲོང་ཁྱེར་ཕལ་པ”འཛུགས་སྐྲུན་བྱེད་པ། “ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་པ། དེ་བཞིན་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ(སྐྱིད་གྲོང)ཟོག་འགྲེམས་ལྟེ་གནས་འདི་ཉིད“འཁོར་སྐྱོད་གཉིས་ལྡན”གྱི་འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་འཚོལ་ཐབས་ཀྱི་མཐོ་ས་དང་།
“རྒྱུད་གཅིག་ལམ་གཅིག”ལྷོ་ཕྱོགས་སུ་སྒོ་མོ་དབྱེ་བའི་རྒྱལ་སྤྱིའི་ཟོག་འགྲེམས་རྟེན་གཞི། མཐའ་མཚམས་ས་ཁུལ་གྱི་ལྟེ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཅས་སུ་ངེས་གནས་བྱས་པ་དང་། དེའི་བཀོད་པ་ནི་རྒྱལ་སྒྲོལ་ཟོག་འགྲེམས་ལྟེ་བའི་ཁུལ་དང་སྣ་མང་སྦྲེལ་མཐུད་སྐྱེལ་འདྲེན་རྒྱ་སྐྱེད་ཁུལ་ལས་གྲུབ་ཡོད། རྒྱལ་སྒྲོལ་ཟོག་འགྲེམས་ལྟེ་བའི་ཁུལ་ནི་ཨེ་ཤེ་ཡ་ལྷོ་མའི་ཟོག་འགྲེམས་ཀྱི་སྒོ་མོ་ཡིན་པ་དང་། དེ་ཉིད་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དུ་གནས་ཤིང་། གཙོ་བོ་རྒྱལ་སྤྱིའི་ཚོང་དོན་ཁེ་ལས་ལ་རྒྱལ་སྒྲོལ་གཞུང་ལམ་སྐྱེལ་འདྲེན་དང་། འགག་སྒོའི་དམིགས་བསལ་ལྟ་འདོམས། ཁྲལ་སྲུང་ཟོག་འགྲེམས་དང་དེ་བཞིན་རིན་འཕར་ཞབས་ཞུ་གཞན་དག་བཅས་མཁོ་འདོན་བྱེད་ཀྱི་ཡོད། སྣ་མང་སྦྲེལ་མཐུད་སྐྱེལ་འདྲེན་རྒྱ་སྐྱེད་ཁུལ་ནི་ཨེ་ཤེ་ཡ་ལྷོ་མའི་ཟོག་འགྲེམས་ཀྱི་རྒྱབ་ཕྱོགས་རྩ་འཛུགས་ལྟེ་གནས་ཡིན་པ་དང་། དེ་ཉིད་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་ཤིང་། གཙོ་བོ་རྒྱལ་སྤྱིའི་སྣ་མང་སྦྲེལ་མཐུད་སྐྱེལ་འདྲེན་དང་། ཁྲལ་སྲུང་ཟོག་འགྲེམས། ས་ཁོངས་དབྱེ་འབྱེད་ཀྱི་སྡེབ་སྐྱེལ། གྲང་ཕྲེང་ཟོག་འགྲེམས། འཕྲལ་སྡོམ་ཟོག་འགྲེམས་སོགས་ཀྱི་བྱེད་ནུས་མཁོ་འདོན་བྱེད་ཀྱི་ཡོད། འཛུགས་སྐྲུན་བྱེད་སྟངས་ཐད། གཞིས་རྩེ(སྐྱིད་གྲོང)ཟོག་འགྲེམས་ལྟེ་གནས་ཀྱིས“སྲིད་གཞུང་གིས་མཛུབ་ཁྲིད་དང་། ཁེ་ལས་ཀྱིས་གཙོ་ཁྲིད། བྱེད་པོ་མང་པོས་ཁྲོམ་ར་འཁོར་རྒྱུག་ལ་འདེགས་སྐྱོར་བཅས་ཟུང་དུ་འབྲེལ་བའི”གསར་གཏོད་རྣམ་པ་སྤྱོད་རྒྱུ་རེད། འབྱུང་འགྱུར་དུ་ལྟེ་གནས་རིམ་བཞིན་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས་ས་ཁོངས་ཟོག་འགྲེམས་འཕེལ་རྒྱས་མ་ལག་གི་ཆ་ཚང་རང་བཞིན་སྔར་བས་ཆེ་རུ་འགྲོ་བ་དང་། ཟོག་འགྲེམས་གཞི་ཁྱོན་ཅན་གྱི་སྒྲིག་འཛུགས་དང་དྲ་རྒྱ་ཅན་གྱི་འཁོར་སྐྱོད་ཆུ་ཚད་མཐོ་རུ་ནུས་ལྡན་འགྲོ་བ། ཕྱོགས་བསྡུས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་འགྲོ་བ། ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་སྐོང་བ། “འཁོར་སྐྱོད་ཟུང་ལྡན”གྱི་རྣམ་པ་ཐོགས་མེད་ཤར་བགྲོད་ཐུབ་པར་རམ་འདེགས་བཅས་བྱེད་རྒྱུ་རེད།