དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགྲུལ་པ་མི་ཐེངས་ཁྲི་9.88སྐྱེལ་འདྲེན་བྱས་པ།

    རྒྱལ་སྟོན་གྱི་ཉིན་དང་པོར་མཚོ་བོད་ལྕགས་ལམ་ནས་འགྲུལ་སྐྱེལ་གྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-06

    ཉིན་ཤས་གོང་། གསར་འགོད་པར་མཚོ་བོད་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་སྟོན་གྱི་ཉིན་དང་པོར་མཚོ་བོད་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་9.88སྐྱེལ་འདྲེན་བྱས་ནས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཟིན་ཐོ་གསར་པ་བཏོད་ཡོད།

    ཕྱིར་སྐྱོད་ཀྱི་དགོས་མཁོ་ཆེ་རུ་འགྲོ་བར་དམིགས་ནས། ཁྲེང་ཏུའུ་དང་། ཤིས་ཨན། པེ་ཅིང་སོགས་ལ་སྐྱོད་མཁན་མང་བར་བརྟེན། མཚོ་བོད་ཚོགས་པས་མེ་འཁོར་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་ཡོད། དེའི་ནང་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ཐད་གཏོང་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གཅིག་མང་དུ་བཏང་བ་དང་། ཟི་ལིང་ནས་ཤིས་ཨན་བྱང་ཚུགས་བར་གྱི་ཤུགས་འགྲེམས་མེ་འཁོར་ཆ་གསུམ་བསྐྱར་སྒྲིག་བྱས་པ། ཟི་ལིང་ནས་པེ་ཅིང་ནུབ་ཚུགས་བར་དང་ཧྲང་ཧའེ་ཕྱོགས་སུ་སྐྱོད་པའི་མེ་འཁོར་དཀྱུས་མ་མང་དུ་བཏང་བ་དང་ཆབས་ཅིག ཟི་ལིང་ནས་གོར་མོ་དང་འཇུ་ལག་བར་དང་། དེ་བཞིན་ལྷ་ས་ནས་གཞིས་རྩེ་བར་ཚང་མར་གནས་སྐབས་ཤུགས་འགྲེམས་མེ་འཁོར་མང་དུ་བཏང་བས། འགྲུལ་པ་མང་པོའི་ཕྱིར་སྐྱོད་ཀྱི་དགོས་མཁོ་བསྐངས་ཐུབ་ཡོད།

    ཟི་ལིང་བབས་ཚུགས་དང་ལྷ་ས་བབས་ཚུགས་ཀྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སོ་སོར་བཏོད་ནས་མི་ཐེངས་ཁྲི་6.28དང་མི་ཐེངས་ཁྲི་1.77སོ་སོར་ཟིན་གྱི་ཡོད་པ་རེད། འགྲུལ་རྒྱུན་མང་བའི་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། བབས་ཚུགས་གཉིས་ཀྱིས་བདེ་བཤེར་བགྲོད་ལམ་མང་དུ་བཏང་བ་དང་ལས་དོན་མི་སྣ་དང་དང་བླངས་པ་མང་དུ་བཏང་ནས། རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་འགྲུལ་པ་གཙོ་བོར་ཤར་སྐྱོད་བགྲོད་ལམ་དང་གཅེས་སེམས་ཞབས་ཞུ་མཁོ་འདོན་བྱས་པ་དང་ཆབས་ཅིག གཙང་སྦྲ་འཕྲོད་བསྟེན་དང་། བཟའ་བཅའ་དང་འཐུང་ཆུ་མཁོ་སྤྲོད་སོགས་འགན་ལེན་གྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱིར་སྐྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།