དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གསུམ་རྫོང་གིས་གཞོན་ནུ་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-06

    ཉེ་ཆར། ཆུ་གསུམ་རྫོང་གི་གཞོན་ནུ་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་སློབ་གསོ་དང་གཞི་རིམ་ཏང་དོན་ལས་དོན་པའི་གསོ་སྦྱོང་འཛིན་གྲྭ་ལྷོ་ཁ་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭར་དངོས་སུ་གཉེར་འགོ་ཚུགས་པ་རེད།

    ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་གཞོན་ནུ་ཏང་ཡོན་ལས་བྱེད་པ་དང་གཞི་རིམ་ཏང་དོན་ལས་དོན་པས་དགོངས་དོན་ལ་གོ་བ་ལེན་རིང་དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། སྦྱངས་ནས་ཤེས་བྱ་ཐོན་པ་དང་། སྦྱངས་ནས་ཐོབ་ཆ་ཐོབ་པ། སྦྱངས་ནས་གྲུབ་འབྲས་ཐོབ་པ་བཅས་དངོས་འབྲེལ་ཡོང་བར་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་དངོས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བསམ་ཕྱོགས་དང་བྱེད་ཐབས་སུ་ཧུར་ཐག་འགྱུར་བར་བྱ་རྒྱུ་དེ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་རྫོང་ཡོངས་ཀྱི་གཞོན་ནུ་ཏང་ཡོན་ལས་བྱེད་པའི་ཁྱད་ཆོས་དང་དགོས་མཁོར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ། གཞི་རིམ་གྱི་ཏང་དོན་ལས་དོན་སོགས་ནང་དོན་གལ་ཆེན་ལ་གཞིགས་ནས་ཆེད་དོན་ཟུར་ཁྲིད་དང་། ཡུལ་དངོས་ཀྱི་སློབ་ཁྲིད། ཚོགས་ཆུང་ཁག་བགོས་ཀྱི་བགྲོ་གླེང་བཅས་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཤང(གྲོང་རྡལ)ཁག་དང་། རྫོང་ཐད་གཏོགས་ཚན་པ། དགོན་སྡེ་དོ་དམ་ཨུ་ལྷན། མངགས་གཏོང་ཁང་སོགས་ཁྱབ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་དོན་ལས་དོན་པ་དང་སྡེ་ཁུལ་གྱི་ལས་དོན་པ་ཁྱོན་56གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།