ཆུ་མོ་དྭངས་ཤིང་ཆུ་ངོགས་སྔོ་ལྗང་གིས་བརྒྱན།
འདི་ནི་ཉང་ཆུ་གཙང་པོའི་མཛེས་ལྗོངས་ཡིན་པ།
ཀྲུང་གོ་ཚན་རིག་ཁང་དང་ཆུ་བེད་པུའི་ཁྲེང་ཏུའུ་རི་ཁུལ་གནོད་འཚེ་དང་ཁོར་ཡུག་ཞིབ་འཇུག་སུའོ(ཁྲེང་ཏུའུ་རི་ཁུལ་སུའོ)བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་འཕེལ་རྒྱས་ཞིབ་འཇུག་ཚོགས་པས་ལེགས་གྲུབ་གསར་ཤོས་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་ཚོད་སྐོར(2000ལོ་ནས་2020ལོ་བར)》ལས་མངོན་པ་གཞིར་བཟུང་། ལོ་20ཡི་རིང་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། མིག་སྔར་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། ལྷག་དོན་དུ་ཆུའི་སྤུས་ཚད་ཐད། གཙང་པོ་དང་མཚོ་གཙོ་བོའི་ཆུའི་སྤུས་ཚད་རྒྱལ་ཁབ་ཀྱི་Ⅲརིགས་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པ་ཡོད་པ་དང་། འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད།