དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་འཕེལ་རིམ་བདེ་བླག་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-05

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཡན་ལག་རུ་ཁག་གིས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་རིམ་ཁག་རིག་དངོས་ཉར་ཚགས་ཚན་པར་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཀྱི་ཡོངས་བཤེར་ལས་དོན་བདེ་བླག་ངང་ལེགས་གྲུབ་ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བཤེར་ཡན་ལག་རུ་ཁག་དེས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བྱང་རྩེ་ཤང་དང་། བསྟི་ཡག་ཤང་། རྫ་རོང་ཤང་། ཆུ་གསུམ་ཤང་སོགས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་33གྱིས་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་ཐོ་འགོད་ཡིག་ཚགས་བཟོ་བའི་ལས་དོན་ལེགས་གྲུབ་ཟིན་ཡོད། ད་ཐེངས་ཀྱི་ཡོངས་བཤེར་དེས་སྤོ་རུང་བའི་རིག་དངོས་ལ་ཡོངས་བཤེར་ཐེངས་དང་པོ་བྱས་པའི་རྨང་གཞིའི་ཐོག སྤོ་རུང་བའི་རིག་དངོས་1433གསར་དུ་ཐོ་འགོད་བྱས་ནས་ཡིག་ཚགས་བཟོས་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལག་བསྟར་ཇུས་གཞི་ལྟར་ན། 2024ལོའི་ཟླ་5པ་ནས་2025ལོའི་ཟླ་5པའི་བར་ནི་ཡོངས་བཤེར་གྱི་ས་ཆ་དེ་རང་དུ་བརྟག་དཔྱད་བྱེད་པའི་དུས་མཚམས་ཡིན་ཞིང་། དེའི་རིང་རང་ལྗོངས་ཀྱི་ཡོངས་བཤེར་བས་ལྗོངས་ཡོངས་ཀྱི་རིག་དངོས་ས་ཚིགས་4277གྱི་བསྐྱར་བཤེར་ལས་དོན་ལེགས་གྲུབ་བྱེད་དགོས་པ་མ་ཟད། ས་གནས་དེར་ཡོངས་ཁྱབ་བརྟག་དཔྱད་ཀྱང་བྱས་ནས་བརྟག་དཔྱད་བྱེད་དགོས་རིགས་ལ་ངེས་པར་དུ་བརྟག་དཔྱད་དང་སྲུང་སྐྱོང་བྱེད་དགོས་རིགས་ལ་ངེས་པར་དུ་སྲུང་སྐྱོང་ཐུབ་པར་བྱེད་དགོས། རང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པས་རྫོང་ཁོངས་རྨང་གཞིའི་ཚན་པར་བྱས་ནས། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་སྐབས་ཐོ་འཇུག་བྱས་པའི་སྤོ་མི་རུང་བའི་རིག་དངོས་ལ་བསྐྱར་བཤེར་བྱེད་པ་དང་གསར་དུ་རྙེད་པའི་རིག་དངོས་ཀྱི་ཁུངས་སྣེ་དང་ཡོངས་བཤེར་བྱེད་རིང་གསར་དུ་རྙེད་པའི་རིག་དངོས་ལ་བརྟག་དཔྱད་བྱ་རྒྱུ་རེད། ཡོངས་བཤེར་ལས་དོན་སྤེལ་སྐབས་ཡོངས་བཤེར་ཚད་གཞི་ལྟར། སྤོ་མི་རུང་བའི་རིག་དངོས་ཀྱི་རྩ་བའི་ཆ་འཕྲིན་འཚོལ་བསྡུ་དང་རེའུ་མིག་ཏུ་འགོད་དགོས་པ་དང་། ཚད་འཇལ་དང་། རི་མོར་འགོད་པ། མ་དཔེ་འཚོལ་བསྡུ། པར་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་ཏེ། རིག་དངོས་ཀྱི་གྲངས་གཞི་དང་འབྲེལ་ཡོད་དཔྱད་གཞི་འཚོལ་བསྡུ་དང་ཐོ་འགོད་ལས་དོན་ནན་ཏན་ངང་བསྒྲུབ་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།