གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ།
འདི་ནི་པ་སྣམ་རྫོང་དཔའ་རྩལ་ཤང་གི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱི་ཤིང་འབྲས་དང་སྔོ་ཚལ་འཚོང་སར་ལས་དོན་མི་སྣས་ཤིང་འབྲས་དང་སྔོ་ཚལ་འཚོང་བཞིན་པ།
འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་འཁུར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བཅས་བྱས་ཏེ“ལྟེ་བའི་གྲོང་ཁྱེར་གཉིས”འཛུགས་སྐྲུན་ལ་འགན་ལེན་བརྟན་པོ་བྱས་ཡོད།
བཟང་འདེམས་འཇོན་བསྐོ་དང་གུ་ཡངས་ནན་པོ་ཟུང་འབྲེལ་གྱིས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་བཏོད་པ།
དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གྱི་ཀྲེན་ཀྲང་ཕུན་ཚོགས་ཀྱིས། ལས་བྱེད་པ་འདེམས་བསྐོ་བྱ་རྒྱུ་དེ་གཞི་རིམ་གྱི་འཐབ་ས་དང་པོར་ཕྱོགས་པའི་བྱེད་ཐབས་དེ་ལས་གྲོང་རྡལ་གྱི་ལས་བྱེད་པས་རེ་བ་མཐོང་ནས་ལས་སྒྲུབ་ཀྱི་ངར་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད། མི་རིང་བའི་གོང་ལས་བྱེད་པ་ལེགས་སྒྲིག་བྱེད་སྐབས་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གྱི་བློ་མཐུན་5ཡི་གོ་གནས་སྤར་བ་དེས་ཤེལ་དཀར་གྲོང་རྡལ་གྱི་ལས་བྱེད་པས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་རྒྱུར་སྐུལ་མ་ཐེབས་ནས་གཞི་རིམ་གྱི་ལས་བྱེད་པས་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ནང་སྐྱེས་སྒུལ་ཤུགས”ཤིག་ཏུ་གྱུར་ཡོད་ཅེས་བཤད།
འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་བྱས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི“བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་པ་ལྔའི”བླང་བྱ་གཞིར་བཟུང་། འཇོན་ཐང་དང་། འཕེལ་རྒྱས། གསར་གཏོད། གྲུབ་འབྲས་དངོས། བརྩོན་འགྲུས་སྤྱོད་གཙང་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ་མི་སྣ་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ལ་སྣེ་ཁྲིད་ཀྱིས་ལས་བྱེད་པ་289རིམ་པ་བཞི་པའི་བརྟག་ཞིབ་པ་དང་དེ་ཡན་གྱི་གོ་གནས་ལ་རིམ་སྤོར་བྱས་པའི་ནང་རྫོང་དང་ཤང་གི་གཞི་རིམ་གྱིས་66.09%བཟུང་ཡོད། ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ད་ལྟའི་ལས་འགན་འཁུར་རྒྱུར་མི་འཚམ་པའི་ལས་བྱེད་པ་32དུས་ཐོག་ཏུ་ལེགས་སྒྲིག་བྱས་ཡོད།
གྲོང་ཁྱེར་རིམ་པའི“འཛུགས་གཏོད་བཞིའི”ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་བཞི་གཉེར་ནས་མི་250ལ་གསོ་སྦྱོང་བྱས་ཡོད། ལག་ལེན་གྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫོང་རིམ་པའི་ལས་བྱེད་པ་6དང་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ་1ཀྲུང་དབྱང་པུའུ་ཨུད་གསུམ་གྱི་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ་དང་གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་སྒོའི་རྐང་འཛིན་པ་38བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་ལས་ཐོག་སློབ་སྦྱོང་བྱེད་པར་མངགས་ཡོད། 2023ལོའི་ལོ་འཁོར་གྱི་ལས་བྱེད་པ་འདེམས་བསྐོ་དང་བཀོལ་སྤྱོད་ལས་དོན་གྱི“སྙན་ཞུ་གཅིག་དང་དཔྱད་གླེང་གཉིས”འཚོགས་ནས་འབྲེལ་ཡོད་ཚན་པར་དག་ཐེར་དྲན་སྐུལ་ཡི་གེ་བཏང་བ་དང“12380”ཐེར་འདོན་ལས་སྟེགས་ཡག་པོ་སྤྱད་དེ་གནད་དོན་གྱི་ཁུངས་སྣེ་8ཞིབ་བཤེར་ཐག་གཅོད་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་ལས་བྱེད་པའི་གླ་ཕོགས་ཕོགས་སྣོན་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས་སོགས་སྲིད་ཇུས་ཀྱི་ཐོབ་ཐང་འགན་ལེན་ནན་པོ་བྱས་ཏེ། ཚང་མར་ལས་བྱེད་པའི་བདེ་ཐང་ཡིག་ཚགས་བཟོས་པ་དང་། ས་བབ་མཐོ་དམའ་གཉིས་ཀྱི་ལས་བྱེད་པ་242སྤེལ་རེས་དང་། རྫོང་དང་ཤང་གི་ལས་ཁུངས་ཀྱི་ལས་བྱེད་པ་346སྤེལ་རེས་ལ་སྐུལ་འདེད་བཏང་བ། 2023ལོའི་ལོ་འཁོར་གྱི་ལས་དོན་དངོས་ཁྲོད་བྱས་རྗེས་མངོན་གསལ་དོད་པའི་གཞུང་ལས་པའི་མཉམ་སྡེབ་9དང་མི་སྒེར་10ལ་དུས་ཐོག་ཏུ་བྱ་དགའ་སྤྲད་ཡོད།
རྨང་རྩ་གཉིས་བརྟན་དང་རྨང་གཞི་བརྟན་དུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།
གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས“ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་དམག་འཐབ་མཁར་རྫོང་སྟོབས་ལྡན་ཞིག་ཏུ་བསྐྲུན་པར་ཤུགས་སྣོན་བརྒྱབ་ཡོད།
“ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་དང་། གཞི་རིམ་རྩ་འཛུགས་ཀྱི་ཕན་ནུས་ཆེར་གཏོང་། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཞབས་ཞུ། ལས་དོན་འགན་ལེན། འགན་འཁྲི་དོན་འཁྱོལ་བཅས་མ་ལག་ཆེན་པོ་ལྔ་ཧུར་ཐག་གཏོད་པ་དང་། ཁྱད་ཆོས་མངོན་གསལ་དོད་པ་དང་གྲུབ་ཆ་ཆ་ཚང་བའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་མ་ལག་གཏོད་པ། “ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་མ་ལག་ས་བཀྲའི་APPགསར་སྤེལ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་དངོས་སུ་མཐོང་རྒྱུ་ཡོད་པའི་སྒོ་ནས་སློབ་སྦྱོང་དང་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་རིམ་པའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་55བསྐྲུན་པ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་25ལ་གྲལ་བཤེར་དག་ཐེར་བྱས་ཡོད།
རྣམ་གྲངས་ཅན་གྱིས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཞིང་། དཀའ་གནད་གང་དུ་ཡོད་པ་དེ་གར་ཧྲུའུ་ཅི་ཡོད་པ་དང“ཧྲུའུ་ཅིའི་རྣམ་གྲངས”དེ་གར་སྐུལ་འདེད་བཏང་ཡོད། རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་18དང་ལས་རིགས་ཁོངས་གཏོགས་ཀྱི་ཏང(ལས་དོན)ཨུད་ཀྱི་ཧྲུའུ་ཅི་6གིས་རང་འགུལ་ངང་གཞི་རིམ་ཏང་འཛུགས་སྐྱོང་གི“ཧྲུའུ་ཅིའི་རྣམ་གྲངས”ངོས་འཛིན་རྩིས་ལེན་བྱས་པ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)ཏང(ལས་དོན)ཨུད་ཀྱི་ཧྲུའུ་ཅི་206དང་། ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་87 གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་1539བཅས་ཀྱིས“ཧྲུའུ་ཅིའི་རྣམ་གྲངས”ངོས་འཛིན་རྩིས་ལེན་ལ་དཔེ་སྟོན་སྐུལ་ཁྲིད་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་དང་དཀའ་གནད་1856ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།
གཞི་རྟེན་གསར་གཏོད་དང་ཁྱད་ཆོས་སྐྱེད་སྲིང་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བ།
“ང་ཚོའི་ཤང་གི་ཤིང་ཏོག་དང་སྔོ་ཚལ་དྲོད་ཁང་དེ་སྔོན་ཁ་ཐོར་དུ་གནས་པས་གཞི་ཁྱོན་ཆེན་པོ་མེད། གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱིས་སྲིད་འཛིན་གྲོང་ཚོ་བཞི་བསྐྲུན་པ་བརྒྱུད་ཤིང་ཏོག་དང་སྔོ་ཚལ་གྱི་ཐོན་འབབ་ཤུགས་ཆེན་འཕར་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་117.1འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད”ཅེས་པ་སྣམ་རྫོང་དཔའ་རྩལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐེང་པིན་གྱིས་ཤིང་ཏོག་དང་སྔོ་ཚལ་དྲོད་ཁང་མདུན་དུ་ལངས་ནས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།
2023ལོ་ཚུན་གྲོང་གསེབ་ཀྱི་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི“ཆུང་ཐོར་ཞན”སོགས་ཀྱི་དཀའ་གནད་དང་འགག་གནད་ཐག་གཅོད་བྱ་ཆེད། པ་སྣམ་རྫོང་གིས་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐོན་ལས་འཁོར་འབྲེལ་ཏང་ཨུད་1དང་། ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་4 ཞིང་ཁའི་ཏང་ཚོགས་ཆུང་20བཅས་བཙུགས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁ་ཐོར་ཐོན་ལས་སྦྲེལ་མཐུད་བྱས་ཏེ་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་ཀའི་མ་ལག་བཙུགས་པ་རེད།
གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི་ལས་དོན་སྒྲུབ་མཁན་གཙོ་བོ་57ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ་དང་གྲོང་ཚོའི་ལས་དོན་སྒྲུབ་མཁན་གཙོ་བོ་1136སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་རེས་མོས་སྦྱོང་བརྡར་བྱེད་པར་མངགས་ཡོད། ཟླ་5ཚེས་31ཉིན་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་དར་མའི་སློབ་གསོའི་འབྲིང་རིམ་ཆེད་ལས་སློབ་རྒྱུས་མཐོར་གཏོང་འཛིན་གྲྭ་དུས་ཐེངས་གཉིས་པ་བཙུགས་པས་མི་280ལ་འབྲིང་རིམ་ཆེད་ལས་སློབ་རྒྱུས་ཀྱི་ལག་ཁྱེར་ཐོབ་པ་རེད། ཟླ་6ཚེས་28ཉིན་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གྲོང་གསེབ་དར་རྒྱས་གཏོང་བའི“ལྔ་བསྡུར་ལྔ་ལྟའི”འགྲན་སྟེགས་རྩལ་འགྲན་གྱི་མཐའ་བསྡུར་གཉེར་བ་རེད།
ཁང་དམར་རྫོང་གི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི“གཅིག་གསུམ་ལྔ”ལས་དོན་སྒྲུབ་སྟངས་ཁྱབ་གདལ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་དྲ་མིག་དཔོན་དང་། དྲ་མིག་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བཅས་ཁྲོད་ཏང་ཡོན་གྱིས་བཟུང་བའི་བསྡུར་ཚད་100%དང་། 87.68% 41.85%བཅས་སོ་སོར་ཟིན་གྱི་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་སྤེལ་ཡུལ་གྱི་བྱེད་ནུས་བཀོད་སྒྲིག་ལེགས་སུ་བཏང་ནས“རྒན་གཅིག་གཞོན་གཅིག”གི་ཉིན་མོའི་ལྟ་སྐྱོང་ཁང་146བསྐྲུན་པ་དང་གྲོང་ཚོ་རིམ་པའི“ཁྲུས་ཁང་ཆུང་ཆུང”492སྒྱུར་བཀོད་རིམ་སྤོར་བྱས་ཡོད།
ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་བྱས་ཏེ“སེ་འབྲུའི་འབྲུ”གསར་བརྗེའི་ས་ཚིགས་110བཏོད་ནས་ཡུལ་སྐོར་བར་ཞབས་ཞུ་ཐེངས་ཁྲི་7.1ལྷག་ཙམ་བསྒྲུབས་ཡོད།
གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱུ་རྐྱེན་ཆ་ཚང་བ་དང་། ནུས་པ་ཆ་ཚང་བ། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་སྐྱོད་ནུས་པ་ཆེ་བ་བཅས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིས་རྩེར་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུ་རེད།