དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སློབ་ཆེན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-04

    ཉེ་དུས་བོད་ལྗོངས་སློབ་ཆེན་གྱིས་སློབ་ཁྲིད་བྱེད་སྒོ་སྤེལ་ནས། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ལ་བློ་སྦྱོང་བསླབ་སྐྱོང་གི་བསམ་བློ་ཆབ་སྲིད་སློབ་ཚན་འཚོགས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་སྤུས་ཚད་ལེགས་སུ་བཏང་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

    བྱེད་སྒོ་སྤེལ་རིང་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་འབྲེལ་ཡོད་འགན་འཁུར་བའི་སྣེ་ཁྲིད་འོག བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སློབ་གྲྭར་བསྐྱོད་དེ། སློབ་ཚན་ཉན་པ་དང་། ཕན་ཚུན་སྤེལ་རེས། སློབ་ཁྲིད་དཔྱད་བརྗོད་བཅས་བྱས་ཏེ་སློབ་ཁྲིད་ཀྱི་མྱོང་ཚོར་དང་སློབ་ཁྲིད་བྱེད་སྟངས་མཉམ་སྤྱོད་བྱས་ཡོད། “ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་གཞི་གཅིག་ཅན་དང་མཉམ་འདྲེས་བྱེད་པ”དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རིན་ཐང་གི་ངོ་བོ་དང་དེ་བཞིན་དེ་བོད་དུ་ལག་བསྟར་བྱེད་པ”སོགས་ཀྱི་ནང་དོན་ལ་གཙོ་བོར་དམིགས་ནས་ལས་ཐོག་དགེ་རྒན་ལ་ཆེད་དོན་འཆད་ཁྲིད་བྱས་པ་རེད། བཞུགས་མོལ་བྱེད་རིང་ཚོགས་ཞུགས་མི་སྣས་སློབ་གྲྭ་གཉིས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“བསམ་བློ་ཆབ་སྲིད་སློབ་ཚན་དང་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ”དང་། “སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་ཁག་གི་སྤུས་ཚད་མཐོར་གཏོང” “བསམ་བློ་ཆབ་སྲིད་ཀྱི‘སློབ་ཚན་རྩེ་གྲ’གསར་སྤེལ” “སློབ་གྲྭ་གཉིས་དབར་གྱི་སྤེལ་རེས་མཉམ་ལས”སོགས་ཀྱི་ནང་དོན་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པར་ངོས་འཛིན་གཅིག་མཐུན་མང་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།