ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོར་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ།
ཡི་གེ་གཅིག་པ་འབྲི་བ། སྐད་ཆ་གཅིག་པ་ཤོད་པ། མི་སེམས་གཅིག་ཏུ་སྒྲིལ་བ།
མཚོ་བོད་ས་མཐོའི་མཐིལ་དུ་གནས་པའི་ནག་ཆུར་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་34འཚོ་སྡོད་བྱེད་ཀྱི་ཡོད་པས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་ནི་ཤིན་ཏུ་གལ་འགངས་ཆེ་བའི་བྱ་གཞག་ཅིག་རེད།
ནག་ཆུ་གྲོང་ཨུད་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས་ཚུན། གྲོང་ཁྱེར་ཡོངས་ཀྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོར་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་འགག་སྒྲོལ་འདུ་འགོད་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད། ལོ་གསུམ་གྱི་སྲ་བརྟན་མཐོར་འདེགས་འདུ་འགོད་བཅས་ལག་ལེན་གཏིང་ཟབ་བསྟར་ནས། རིམ་རྩིས་བརྒྱབ་ན། མི་ཐེངས་ཁྲི་1ཙམ་ལ་གསོ་སྦྱོང་བྱས་ཤིང་། མི་ཐེངས་3543ལ་ཆ་སྒྲིག་སློབ་རོགས་དང་མི་6587ལ་གསོ་སྦྱོང་བྱས་པར་ཁྱབ་ཚད་100%ཟིན་པ་རེད། ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“བོད་སྒྱུར་ལོ་ཙཱ་བའི”APPཕབ་ལེན་བེད་སྤྱོད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རང་སྦྱོང་བྱེད་པ་ལ་སོགས། མིག་སྔའི་བར་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་མཁན་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། ཡིག་ངོ་ཆོད་པའི་མི་འབོར་གྱིས་ཚད་ལྡན་གྱི་རྒྱ་ཡིག་སྤྱོད་པའི་བསྡུར་གྲངས་རྒྱུན་ཆད་མེད་པར་འཕར་ཞིང་། ཡིག་རྨོངས་ཡོངས་སུ་བསལ་ཏེ་མི་རིགས་མང་བ་དང་སྐད་ཡིག་མང་བའི་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ལེགས་གྲུབ་ལྡན་པའི་ཐབས་ལམ་འཚོལ་ཞིབ་ཐུབ་པ་རེད།
“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པར་འགྲན་བསྡུར་རྣམ་གྲངས་ཆེ་གྲས་བཞི་ཚུད་ཡོད་པའི་ནང་། སྐད་ཡིག་རིགས་ཀྱི་འགྲན་བསྡུར་ལས་བོད་བྱང་ཐང་གི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་རྩལ་ནུས་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་རེད།
འབྲི་རུ་རྫོང་གཤམ་ཆུ་ཤང་གི་མང་ཚོགས་རིན་ཆེན་བློ་གྲོས་ལ་འབྲི་རུ་རྫོང་གི་སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”བྱེད་སྒོའི་རིཌ་པའི་གཞུང་ལུཌ་སྒྲོག་འགྲེལ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་ཡོད། འབྲོག་དུད་དང་། རྩྭ་ར། གྲོང་ཚོ་དང་གྲོང་ལྷན་སོགས་གཞི་རིམ་གྱི“མཇུག་སྣེར”རིགས་པའི་གཞུང་ལུཌ་སྒྲོག་འགྲེལ་ཁྱབ་པར་བྱ་ཆེད། རིན་ཆེན་བློ་གྲོས་ཀྱིས་སྒྲོག་འགྲེལ་གྱི་རྣམ་པ་དང་སྒྲོག་འགྲེལ་གྱི་ནང་དོན་གསར་གཏོད་བྱས་ཏེ་སྒྲོག་འགྲེལ་དེ་ལག་རྩལ་སློབ་པ་དང་འཕྲོད་བསྟེན་ཁྱབ་གདལ་སོགས་དང་ཟུང་འབྲེལ་བྱས་ཤིང་། གློག་བརྙན་སྟོན་པ་དང་། རིག་རྩལ་འཁྲབ་སྟོན། ཤེས་བྱའི་དྲི་བ་དྲིས་ལན་བཅས་དང་མཉམ་འདྲེས་བྱས་ནས་སྒྲོག་འགྲེལ་བྱེད་རིང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུན་ཆད་མེད་པར་ཁྱབ་གདལ་དང་སློབ་ཁྲིད་བྱས་པར། རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་དང་དགའ་བསུ་ཆེན་པོ་ཐོབ་ཡོད།
སོག་རྫོང་ཁ་དཀར་ཟློས་གར་འཁྲབ་སྟོན་གླིང་གི་འགན་འཁུར་བ་ཨོ་རྒྱན་ནོར་བུར་སྐབས་གཉིས་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཁྲོད་ཨང་དང་པོ་དང་ཡིག་གཟུགས་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ཁྲོད་ཨང་གཉིས་པ་ཐོབ། གཟི་བརྗིད་མཚན་སྙན་གྱི་རམ་འདེགས་འོག་ཨོ་རྒྱན་ནོར་བུས་འཁྲབ་སྟོན་གླིང་གི་ལས་བཟོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་དམའ་རིམ་སློབ་ཁྲིད་བྱས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ“སྤྱི་སྐད་ཡག་པོ་ཤོད་པ་དང་ཚད་ལྡན་ཡི་གེ་ཡག་པོ་འབྲི་བའི”གལ་ཆེའི་རང་བཞིན་སྒྲོག་འགྲེལ་དང་ཁྱབ་གདལ་བཏང་སྟེ། སོག་རྫོང་གི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་དང་ཁྱབ་གདལ་ལ་སྐུལ་འདེད་དེ་བས་ལེགས་པ་བཏང་བ་རེད།
“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་འགྲན་བསྡུར་ཁག་ནང་ཡང་ཡང་སྤྱོད་པའི“ཆུང་བས་རྒན་པ་ཁྲིད་པའི”བྱེད་སྟངས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་དུས་མཚུངས་བྱེད་སྟངས་དེ་ཕྱོགས་གཞན་ལའང་བེད་སྤྱོད་གཏོང་རྒྱ་ཆེ་རུ་བཏང་བས་ནུས་པ་སྔར་བས་རྒྱུན་མཐུད་ཐོན་ཡོད།
“ཆུང་བས་རྒན་པ་ཁྲིད་པ”ནི་ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་བ་སྦྲེལ་ཐག་ཏུ་བྱས་ཏེ་སློབ་མ་དང་ཁྱིམ་བདག་གིས་མཉམ་དུ་སློབ་སྦྱོང་དང་མཉམ་དུ་ཞུགས་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་པ་དང་། སློབ་མ་དང་ཁྱིམ་བདག་ཟུང་འབྲེལ་བྱེད་པའི་དམིགས་ཡུལ་ནི“ཕྲུ་གུ་གཅིག་ལ་སློབ་གསོ་གཏོང་བ་དང་། ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱེད་པ། གྲོང་ཚོ་དང་གྲོང་ལྷན་གཅིག་ལ་ཤུགས་རྐྱེན་ཐེབས་པའི”ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་བཏོན་ནས“སྤྱི་སྐད་ལ་མཐོང་ཆེན་དང་། སྤྱི་སྐད་སྦྱོང་བ། སྤྱི་སྐད་སྤྱོད་པ”བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད་ཡིན་པ་རེད།
ད་ཆ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་དེ་བོད་བྱང་ཐང་ས་མཐོར་དར་སྲོལ་ཞིག་ཏུ་གྱུར་ལ། “ཡི་གེ་གཅིག་པ་འབྲི་བ་དང་། སྐད་ཆ་གཅིག་པ་ཤོད་པ། མི་སེམས་གཅིག་ཏུ་སྒྲིལ་བ”བཅས་བྱེད་པ་དེ་བྱང་ཐང་གི་བུ་ཕྲུག་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མངོན་འགྱུར་བྱེད་པའི་འདུན་པ་ཞིག་ཏུ་གྱུར་པ་རེད།