དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁ་པར་གྱི་བརྡ་རྟགས་ཧ་ཅང་ཡག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-04

    འདི་ནི་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་གྱི་བརྡ་རྟགས་ཡག་ཉེས་ཚོད་ལྟ་བྱེད་བཞིན་པ།

    མལ་གྲོ་གུང་དཀར་རྫོང་ཕྱི་ནང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་ཟླ་5པར་བཅའ་སྡོད་བྱས་པ་ནས་བཟུང“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི”ལས་དོན་ཏན་ཏིག་སྤེལ་ཏེ། ས་གནས་ས་ཐོག་ཏུ་འཚམས་འདྲི་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། མང་ཚོགས་ཉེ་འགྲམ་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཡང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད། ཕྱི་ནང་གྲོང་ཚོའི་ཚོགས་ཆུང་བཞི་པའི་སྒུལ་བདེ་དང་ལན་ཐུང་ཁ་པར་གྱི་བརྡ་རྟགས་ཡག་པོ་མེད་པའི་གནས་ཚུལ་ཤེས་རྗེས་ལས་དོན་རུ་ཁག་གིས་འཕྲལ་མར་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་བྱས་ཏེ། སྒོར་ཁྲི་30ཙམ་བཏང་ནས་སྦྲེལ་ཚུགས་སྒྲིག་ཆས་2གསར་དུ་བཙུགས་ཏེ་ཕྱི་ནང་གྲོང་ཚོའི་ཚོགས་ཆུང་བཞི་པའི་དྲ་རྒྱའི་བརྡ་རྟགས་ཞན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།