སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ།
ཉེ་ཆར། སྣེ་གདོང་ཆུས་སྣེ་གདོང་ཁྲོམ་གཞུང་གིས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱ་རྒྱུ་ལྟེ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ཏེ། ཕྱོཌ་ཡོངས་ནས་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱེད་པའི་བྱ་སྤྱོད་མགྱོགས་མྱུར་སྤེལ་འགོ་བཙུགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ལས་ཀའི་ཁྲོད་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་པ་རེད།
སྣེ་གདོང་ཁྲོམ་གཞུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་བྱེད་པས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་སྟེ། རིམ་པ་མང་བ་དང་རྣམ་པ་མང་བའི་སློབ་སྦྱོང་བྱེད་སྒོ་དཔེར་ན། ཏང་གི་ལས་དོན་ཨུ་ལྷན་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་སོགས་བརྒྱུད། ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། དམིཌ་ཚད་བླང་བྱ་བཅས་ལ་ཏང་ཡོན་ལས་བྱེད་པས་གོ་བ་གཏིང་ཟབ་ལེན་ཐུབ་པའི་ཁྲིད་སྟོན་བྱས་ཡོད།
སྣེ་གདོང་ཁྲོམ་གཞུང་དུ་བུད་མེད་ཀྱི་རིགས་པའི་གཞུང་ལུགས་སྲིད་ཇུས་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་མང་ཚོགས་ཀྱི་ཚོགས་ཆེན་དང་། གློག་རྡུལ་བརྙན་ཤེལ། སྐད་འཕྲིན་ཚོགས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་གཞི་རིམ་དུ་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་མི་ཚང་མས་ཤེས་པ་དང་མི་སེམས་སུ་གཏིང་ཟབ་ཟུག་པའི་འགན་ལེན་བྱས་ཡོད།
སྣེ་གདོང་ཁྲོམ་གཞུང་གིས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་ཏེ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། འབྲུབ་འགོག་དང་གནོད་འཚེ་ཉུང་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་པ་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། སྣེ་གདོང་ཁྲོམ་གཞུང་གི་ལས་བྱེད་པ་དང་ལས་བཟོས་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ་སྣེ་གདོང་ཁྲོམ་གཞུང་གི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།