དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྨད་རྫོང་ལྟེ་བའི་སྨན་ཁང་གིས་གཞི་རིམ་མང་ཚོགས་ཚོར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    ཉེ་ཆར། མཚོ་སྨད་རྫོང་ལྟེ་བའི་སྨན་ཁང་གིས་སྨན་དོན་པ་སྒྲིག་འཛུགས་བྱས་ཏེ་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གྱི་གཏམ་ཤུལ་སྡེ་ཁུལ་མདའ་ཐང་ཚོགས་ཆུང་གི་མང་ཚོགས་ཚོར་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་མི་རྣམས་ཀྱིས་བདེ་ཐང་ལ་དོ་ཁུར་བྱེད་པའི་རང་ངོས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པས་རྒྱ་ཆེའི་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ནང་མང་ཚོགས་ཚོར་སྨན་རིན་མི་དགོས་པར་སྒོར་3700རི་བའི་ཕྱི་ལུགས་ཀྱི་སྨན་རིགས་42དང་སྒོར་2600རི་བའི་བོད་སྨན་རིགས་30སྤྲད་པ་མ་ཟད། ད་དུང་བདེ་ཐང་ཤེས་བྱའི་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་2250སྤྲད་ཅིང་། བྱེད་སྒོ་སྤེལ་ཡུལ་དུ་མི་170ལྷག་ཙམ་གྱི་ནད་གཞིའི་སྐོར་གྱི་དོགས་གནད་བསལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།