དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ནོར་སྲིད་ཀྱིས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྐོར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་དུས་ཡུན་ཉིན་2ཀྱི་ནོར་སྲིད་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྐོར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རྫོང་དང་ཆུས་ཁག་གི་ནོར་སྲིད་ཅུས་དང་། ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས། གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱི་འབྲེལ་ཡོད་ལས་སྒོའི་མི་སྣ་ཁྱོན་80ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་རེད།

    གསོ་སྦྱོང་འཛིན་གྲྭར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་བློ་མཐུན་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་སྲིད་ཇུས་དང་བླང་བྱར་འགྲེལ་བཤད་བརྒྱབ་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཞིང་ལས་གྲོང་གསེབ་ཁྲུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་གྲོང་གསེབ་དར་རྒྱས་དང་དེ་བཞིན་བརྒྱུད་རིམ་ཧྲིལ་པོའི་ལས་རྗེས་དོ་དམ་གྱི་འབྲེལ་ཡོད་སྲིད་ཇུས་དང་བླང་བྱར་འགྲེལ་བཤད་བརྒྱབ་པ། གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཕྱུགས་ཟོག་ཕྱིར་ཚོང་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ནོར་དོན་ལམ་ལུགས་སོགས་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ། གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཆུ་བེད་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་མིག་སྔའི་གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཁྲོད་ཀྱི་རྣམ་གྲངས་ལག་བསྟར་དང་། སྔོན་རྩིས་ལག་བསྟར། ལས་རྗེས་དོ་དམ་བཅས་ཀྱི་དུས་བབ་དང་ལྷག་པའི་གནད་དོན་ལ་དམིགས་ཏེ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།