དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་གི་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་དཔེ་སྟོན་གླིང་དུ།

    དེང་རབས་སྐྱེ་ཁམས་ཞིང་ལས་ལ་དར་རྒྱས་རྣམ་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    ཉེ་ཆར། གསར་འགོད་པས་རྫ་ཡུལ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། རྫ་ཡུལ་རྫོང་གི་དེང་རབས་སྐྱེ་ཁམས་ཞིང་ལས་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་དཔེ་སྟོན་གླིང་གི་ས་ཆ་འདེམས་པ་དང་བསྐྲུན་པའི་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད།

    ཟླ་བརྒྱད་པ་ནི་འཁྲི་སྐྱེས་ཤ་མོ་འདེབས་འཛུགས་ཀྱི་དུས་ཚིགས་ཡག་ཤོས་ཡིན་ཞིང་། རྫ་ཡུལ་རྫོང་དེང་རབས་སྐྱེ་ཁམས་ཞིང་ལས་འཁྲི་སྐྱེས་ཤ་མོ་དཔེ་སྟོན་འདེབས་འཛུགས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་1350བཏང་བ་དང་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་1300ཟིན་གྱི་ཡོད། མིག་སྔའི་བར་རྣམ་གྲངས་དེའི་80%ལེགས་སྒྲུབ་ཟིན་ཡོད།

    འཁྲི་སྐྱེས་ཤ་མོ་བཏབ་རྗེས་ཟླ་བ་བཅུ་ཡི་ནང་བསྡུ་ཆོག་ཅིང་། ཚོད་རྩིས་བྱས་པར་གཞིགས་ན། འཁྲི་སྐྱེས་ཤ་མོ་བཏུས་རྗེས། ཐོན་རྫས་བསྡོམས་འབོར་ཏུན་1950ཟིན་རྒྱུ་མ་ཟད། དུད་ཚང་787གྱི་མི་3288ལ་འབབ་འཕར་སྒོར་ཁྲི་1560ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།