དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས།

    དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་དམངས་ཡོངས་ཀྱི་ཐཱན་ཉུང་འཚོ་བའི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་བཅས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པའི“ལྗང་མདོག་དངུལ་རྩར་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱེད། ཐཱན་ཉུང་འཚོ་བར་བརྟེན་ནས་མཛེས་སྡུག་ལྡན་པའི་ཉིང་ཁྲི་མཉམ་དུ་སྐྲུན་པའི”བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་རེད།

    བྱེད་སྒོ་སྤེལ་རིང་ལྗང་མདོག་ཐཱན་ཉུང་འཚོ་བ་དང་། ལྗང་མདོག་འཕེལ་རྒྱས་ཕྱོགས་སྒྱུར། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བཅས་ཀྱི་དམིགས་ཚད་ལ་གཞིགས་ཏེ། “ཕྱོགས་གསུམ་མཉམ་འགུལ་དང་དམངས་ཡོངས་ཞུགས་པའི”ལེགས་ཆ་གང་ལེགས་འདོན་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པའི་ཚད་བརྒལ་ཡོང་གཞི་གནད་འཁེལ་བཙལ་ནས། མི་སྒེར་གྱི་ཐཱན་རྩིས་ཁྲའི་མ་ལག་སྐྲུན་པ་དང་ཁྱབ་སྤེལ་བེད་སྤྱོད་བྱ་ཐབས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དེ་དང་ཆབས་ཅིག་ཉིང་ཁྲིའི་སྤྱི་ཚོགས་ཀྱི་མང་ཚོགས་ལ་ཕྱོགས་ནས་འཛུགས་སྐྲུན་དངུལ་ཁང་གི་ད་ཡོད་ཀྱི་མི་སྒེར་གྱི་ཐཱན་རྩིས་ཁྲའི་ལྟེ་བའི་བྱེད་ནུས་རྨང་གཞིར་བཟུང་སྟེ། ཁེ་ལས་དང་མི་སྒེར་གྱིས་དུས་ཚོད་ངེས་ཅན་ནང་ཉིང་ཁྲི་གྲོང་ཁྱེར་དུ་ཐོན་སྐྱེད་དང་། འཚོ་བ། དངུལ་རྩ་བཅས་ཀྱི་རྣམ་པའི་འོག་ཐཱན་འབུད་ཚད་ཉུང་དུ་གཏོང་ཚད་སྐབས་བསྟུན་ཚད་འཇལ་བྱས་པ་དང་འབྲེལ། ཐཱན་འབུད་ཚད་ཉུང་དུ་གཏོང་བའི་གྲངས་གཞིར་གཞིགས་ནས“ལྗང་མདོག་ནུས་ཚད་དང་ཁེ་དབང་བརྗེ་བའི”བྱེད་སྒོ་དེ་མཚུངས་ཀྱིས་སྤེལ་ནས་སྣ་མང་ཅན་གྱི་ཐཱན་ཀུན་ཕན་ལམ་སྲོལ་བརྒྱུད་ལྗང་མདོག་འཛད་སྤྱོད་ལ་སྐུལ་མ་གཏོང་བ་དང་། ཐོན་སྐྱེད་མཐའ་སྣེའི་ཐཱན་འབུད་ཚད་ཉུང་དུ་གཏོང་བར་ཁྲིད་སྟོན་བྱེད་པ། དམངས་ཡོངས་ཀྱི་ཐཱན་ཉུང་འཚོ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་གཏོང་བ་བཅས་བྱས་ནས། ས་གནས་དང་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་དངུལ་རྩའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།