དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས།

    ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་ཇི་ལྟར་བྱེད་ཚུལ་གྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-03

    འདི་ནི་ལྷོ་བྲག་རྫོང་གི་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་ཇི་ལྟར་བྱེད་ཚུལ་གྱི་ལས་སྒོའི་གསོ་སྦྱོང་བྱེད་ཡུལ་ཡིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རིག་གནས་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རུ་སྣེ་ཁྲིད་དེ་ཕྱི་རོལ་ཡུལ་གྱི་རིག་དངོས་གནས་སའི་ཁོངས་གཏོགས་ཀྱི་ཤང་གྲོང་ཁག་དྲུག་ཏུ་བསྐྱོད་ནས། 2024ལོའི་ལོ་འཁོར་གྱི་ལྷོ་བྲག་རྫོང་གི་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་ཇི་ལྟར་བྱེད་ཚུལ་གྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    གསོ་སྐྱོང་བྱེད་རིང་། གསོ་སྦྱོང་མི་སྣས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་2024ལོའི་ལོ་འཁོར་གྱི་ལྷོ་བྲག་རྫོང་གི་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་ཇི་ལྟར་བྱེད་ཚུལ་གྱི་ལས་ཀའི་དམིགས་ཚད་ལས་འགན་དང་། ལྷོ་བྲག་རྫོང་གི་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་བྱེད་མཁན་གྱི་ལས་རྗེས་དཔྱད་ཞིབ་ལག་བསྟར་གྱི་ནང་དོན་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ། ཤང་དང་གྲོང་རྡལ་དང་། གྲོང་ཚོའི(གྲོང་ལྷན)ཕྱི་རོལ་ཡུལ་གྱི་རིག་དངོས་ལ་དོ་དམ་བྱེད་མཁན་བཅས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ་དང་། ཚན་པ་ཁག་དང་ལྟ་སྐུལ་དོ་དམ་པས་2024ལོའི་ལོ་འཁོར་གྱི་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་ལྟ་འདོམས་བྱེད་པའི་ལས་ཀའི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་རྫོང་དེ་ཡོངས་ཀྱི་ཕྱི་རོལ་ཡུལ་གྱི་རིག་དངོས་སྲུང་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། འབྲེལ་ཡོད་སྡེ་ཚན་དང་ཕྱི་རོལ་ཡུལ་གྱི་རིག་དངོས་ལ་དོ་དམ་བྱེད་མཁན་གྱི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས། གཞི་རིམ་གྱི་རིག་དངོས་སྲུང་སྐྱོང་ལས་དོན་པའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་དང་། ལས་ཀའི་འཇོན་ཐང་ཆེ་རུ་། ལས་སྒོའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།