དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-01

    ཉིན་ཤས་གོང་། གསར་འགོད་པར་མངའ་རིས་ས་ཁུལ་མ་འཇོག་སྐུལ་སྤེལ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་37ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་200.88གཏོང་རྒྱུའི་གྲོས་མཐུན་བཞག་པར་མ་དངུལ་སྒོར་དུང་ཕྱུར་12.04དམིགས་སར་འབྱོར་བ། ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་70.76%ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་34.44%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་13.46བཏང་བ། ས་ཁུལ་ནང་ཁུལ་གྱི་མི་1216ལས་ཞུགས་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་ཁྲི་620བྱུང་ཡོད་པ་རེད།

    ལོ་སྟོད་དུ་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱི་བོད་སྐྱོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཁག་5སྒྲིག་འཛུགས་བྱས་ཏེ་མངའ་རིས་སྐྱེ་རྩེ་ཚྭ་ཁ་དང་ཚྭ་མཚོ་ནས་ལི་རྒྱུ་ཏུན་ཁྲི་1འདོན་པའི་ཕྱོགས་བསྡུས་ནུས་རྒྱུའི་རྣམ་གྲངས་དང་། མངའ་རིས་ཁང་འཁོར་གསོལ་མགྲོན་ཁང་གི་ཕྱོགས་བསྡུས་སྒྲིག་གཞི། གྲངས་འཛིན་ཞིང་ལས་རིག་ལྡན་ཐོན་ལས་དཔེ་སྟོན་གླིང་། བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་གསོལ་མགྲོན་ཁང་། རྒྱུན་མཐུད་ཆོག་པའི་འབྲོག་རའི་གསོལ་མགྲོན་ཁང་སོགས་རྣམ་གྲངས་10ཡི་གན་རྒྱ་བཞག་པར་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་63.16གཏོང་རྩིས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་གོ་སྐབས་དམ་འཛིན་དང་འབད་འབུངས་ཡར་བརྩོན་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ《མངའ་རིས་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི“ཉིན་བརྒྱའི་འགག་སྒྲོལ”བྱ་སྤྱོད་ཇུས་གཞི》དང《“མངའ་རིས་ནས་འཛམ་གླིང་ལ་ལྟ། ཁེ་ལས་མཁས་ཅན་བརྒྱ་མངའ་རིས་སུ་སྐྱོད་པའི”ཚོང་འགུགས་མ་འདྲེན་གྱི་ངོ་སྤྲོད་འོས་སྦྱོར་ཚོགས་འདུའི་སྤྱིའི་ཇུས་གཞི》ཡི་འཆར་ཟིན་བཀོད་པ་དང་འབྲེལ། འབྲེལ་ཡོད་འགོ་ཁྲིད་ཚོགས་ཆུང་དང་ཆེད་དོན་ཚོགས་ཆུང་བཙུགས་ཏེ་མངའ་རིས་ཀྱི་ཁྱད་ལྡན་གྲགས་ཅན་IPབཏོད་ནས་མངའ་རིས་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།