དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • “བོད་སྐྱོར་གྱི་པེ་ཅིང་བྱ་སྤྱོད”ལས་ནག་ཆུའི་ཚོང་འགུགས་ལ་སྒུལ་ནུས་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-01

    འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ་དང་། ནང་དུ་འདྲེན་པ། གཞི་ཚུགས་ཐུབ་པ”བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་ཚོང་འགུགས་མ་འདྲེན་རྒྱ་ཆེར་བཏང་ནས་རིམ་པ་དེ་བས་མཐོ་བའི་ཐོན་ལས་མཉམ་ལས་ཀྱི་མ་ལག་ཧུར་ཐག་བཏོད་ཡོད། ནག་ཆུ་དང་ལྗོངས་ཕྱིའི་ཐོན་ཁུངས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་ཆེད། གཙོ་གནད་ཐོན་ལས་མངོན་གསལ་དོད་དུ་གཏོང་བ་དང་། མཉམ་ལས་ཀྱི་བར་མཐོངས་སྔོག་འདོན་གཏིང་ཟབ་བྱེད་པ། རྣམ་གྲངས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྗོངས་ཕྱི་ནང་གི་ཁེ་ལས་དབར་མཉམ་འགུལ་འབྲེལ་གཏུག་གི་ལམ་སྲོལ་བཙུགས་པ་རེད། ཉེ་ཆར། ལེའོ་ཉིང་བོད་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་པུའི་མཐུན་སྦྱོར་འོག ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་། རྫོང་དང་ཆུས། ཁེ་ལས་བཅས་ཀྱི་འཐུས་མི་དུས་ཡུན་ཉིན་དྲུག་གི“བོད་སྐྱོར་གྱི་པེ་ཅིང་བྱ་སྤྱོད”ཀྱི་བྱེད་སྒོར་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་བྱེད་སྒོས“འགྲེམས་ཚོགས་དང་ཚོང་འགུགས”ཟུང་འབྲེལ་དང་མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་ལས་ཀྱི་གཟུགས་བརྙན་དང་སྤུས་རྟགས་ཁྱབ་གདལ་ལ་དེ་བས་ལེགས་པའི་ལས་སྟེགས་བཏོད་ཡོད། ཕྱོགས་ཁག་གི་འཐུས་མིས་ས་ཡུལ་དངོས་སུ་གན་རྒྱ་འཇོག་པ་དང་། མཐོ་རིམ་གླེང་སྟེགས། དྲ་ཕྱིའི་གྲོས་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤེལ་རེས་སློབ་སྦྱོང་དང་མཉམ་ལས་ཀྱི་འདོད་མཐུན་གྲོས་མོལ་བྱས་ཏེ་ཕྱོགས་ཡོངས་ནས་ཁྱད་ལྡན་ལེགས་ཆའི་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།