དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་པ།

    ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་གཟིགས་མོར་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-10-01

    ཟླ་9ཚེས་29ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་ལྟད་མོ་བ་3000ལྷག་ཙམ་དང་ལྷན་དུ་གཟིགས་མོ་གཟིགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་ལྟད་མོ་བ་3000ལྷག་ཙམ་དང་ལྷན་དུ་གཟིགས་མོ་གཟིགས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ལྷན་དུ་དྲན་གསོ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་པ་རེད།

    མི་ཁྲི་ཤོང་བའི་མི་དམངས་ཚོགས་ཁང་ཆེ་མོར་དགའ་སྤྲོའི་རྣམ་པས་ཁེངས། གློག་འོད་ཁྲ་ཆེམ་ཆེམ་འཕྲོ་ཞིང་། ཆུ་ཚོད་19དང་སྐར་མ་55ལ་སྤྲོ་སྣང་དོད་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་ཁང་ཆེ་མོར་ཕེབས་ཏེ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་སྦྲགས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།

    རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རོལ་དབྱངས་དཀྲོལ་བ་དང་བསྟུན་ནས་ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།

    འཁྲབ་སྟོན་ལ་འགོ་ཚུགས་རོལ་དབྱངས་དང་རོལ་དབྱངས་ལེ་ཚན་ལྔ་ཡོད་ཅིང་། རིག་རྩལ་ལས་དོན་པ་ཚོས་བྱང་ཆུབ་པའི་དཀྲོལ་གཏོང་དང་མི་སེམས་འགུལ་བའི་གླུ་དབྱངས་ལ་བརྟེན་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་རོལ་དབྱངས་འདུ་ཚོགས་ཀྱི་གྲུབ་ཆའི་ནང་འདྲེས་པར་བྱས་ཏེ་ཕུལ་བྱུང་གི་རོལ་དབྱངས་བརྩམས་ཆོས་ཁྲོད་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་དྲན་ཤེས་མངོན་པར་བྱས་པ་རེད།

    འབུད་དཀྲོལ་རོལ་དབྱངས《མཉམ་སྒྲོག་འགོ་ཚུགས་རོལ་དབྱངས་དང་པོ》དང་མཉམ་གཞས་ཆེན་པོ《རྨ་ཆུའི་མཉམ་གཞས་ཆེན་པོ》གཉིས་ཟིལ་རྔམ་གྱིས་ཕྱུག་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཀྲུང་གོ་མི་དམངས་ཀྱིས་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་ཏང་གི་འགོ་ཁྲིད་འོག་རྒྱལ་ཁ་རླབས་པོ་ཆེ་བླངས་པ་དང་ཀྲུང་གོ་གསར་པ་བཙུགས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་གང་ལེགས་མངོན་ཡོད། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པ་ངར་ཤུགས་ལྡན་ཞིང་སྤྲོ་སེམས་འཁོལ་བ་དང་། 《ལོ་ལེགས་ཀྱི་བསྟོད་གླུ》ཞེས་པ་བག་ཕེབས་ཤིང་དགའ་སྤྲོས་ཁེངས། འབུད་དཀྲོལ་རོལ་དབྱངས་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་རང་སྟོབས་རང་སྤེལ་དང་འབད་འབུངས་ལྷུར་ལེན་གྱི་བརྗེད་པར་དཀའ་བའི་ལོ་ཟླ་བསྐྱར་དྲན་བྱས་པ་ལས་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་དགའ་འབོད་ཡང་ཡང་གྲགས། འབུད་དཀྲོལ་རོལ་དབྱངས《པེ་ཅིང་གི་གཏམ་བཟང་མཐའ་མཚམས་སུ་གྲགས》ཞེས་པ་དང་མི་རིགས་ཀྱི་རོལ་ཆ་མཉམ་དཀྲོལ《རྣམ་པར་བཀྲ་བའི་མཉམ་སྒྲོག་རོལ་དབྱངས》ཞེས་པར་མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་ཁྱད་ཆོས་འདྲེས་ཏེ་སྙན་ཞིང་འཇེབས་པའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་དང་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་ཡོད། མཉམ་སྒྲོག་མཉམ་གཞས《རེ་བས་ཁེངས་པའི་ཞིང་ས》དང་འབུད་དཀྲོལ་རོལ་དབྱངས《གཞོན་ནུའི་སྐོར་བྲོའི་རོལ་དབྱངས》གཉིས་ཀྱི་གདངས་སྙན་ལ་བག་ཕེབས་པའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོ་མི་དམངས་ཀྱིས་བསམ་བློར་བཅིངས་འགྲོལ་་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།

    ལོ་75ཡི་རིང་དཀའ་ངལ་ཁྱད་བསད་དང་ལོ་75ཡི་རིང་གླུ་དབྱངས་ལེན་བཞིན་འབད་འཐབ་བྱས། རོལ་དབྱངས་འདུ་ཚོགས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་མཐོ་རླབས་ཡང་ཡང་འཕྱུར། ཀང་ཆིན་དང་རོལ་ཆའི་རུ་ཁག་གིས་དཀྲོལ་བའི《གནམ་ས་གསར་པ》ནི་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་དང་། འབུད་དཀྲོལ་རོལ་དབྱངས《རི་མོ་དང་འདྲ་བའི་རི་ཀླུང》ཞེས་པ་ལས་གདུང་སེམས་ཟབ་མོ་མཚོན་པ། མཉམ་སྒྲོག་མཉམ་གཞས《རྒྱང་ལམ་གསར་པ》ཞེས་པ་ཞུམ་མེད་དཔའ་ཉམས་ལྡན་པ་སོགས་དུས་རབས་ཀྱི་གླུ་དབྱངས་རེ་རེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་ཁྲི་ཡིས་རང་རྟོན་རང་དར་དང་གཞུང་འཁྱོངས་གསར་འབྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་ལས་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ། “སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ། རྒྱལ་ཁའི་གླུ་དབྱངས་མཐོན་པོར་བླངས”ཚོགས་ར་ཡོངས་སུ་གླུ་གཞས《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་མཉམ་དུ་བཏང་བ་དང་ཆབས་ཅིག རོལ་དབྱངས་འདུ་ཚོགས་མཇུག་འགྲིལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།