དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་གཙང་གཞུང་དྲང་སྲོལ་བཟང་བསྐྱངས། མདུན་སྐྱོད་ལམ་བུར་འོད་སྟོང་འཕྲོ།

    གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-30

    པ་སྣམ་རྫོང་དཔའ་རྩལ་ཤང་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱི་ཤིང་ཏོག་དང་སྔོ་ཚལ་བྲིན་ཚོང་ས་ཚིགས་སུ་ལས་དོན་པས་ཤིང་ཏོག་དང་སྔོ་ཚལ་འཚོང་བཞིན་པ།

    འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱས་ཏེ“ལྟེ་བའི་གྲོང་ཁྱེར་གཉིས”འཛུགས་སྐྲུན་བྱ་རྒྱུར་འགན་ལེན་བརྟན་པོ་བྱས་པ་རེད།

    བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་བཏོད་པ།

    འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་བཟང་འདེམས་འཇོན་བསྐོ་དང་གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱིས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་པོ་ཡོང་བར་འདེགས་སྐྱོར་དང་འགན་ལེན་བྱས་པ་རེད།

    འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི“བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་པ་ལྔའི”བླང་བྱ་གཞིར་བཟུང་འཇོན་ཐང་དང་། འཕེལ་རྒྱས། གསར་གཏོད། ལས་རྗེས། ཧུར་བརྩོན། སྤྱོད་གཙང་བཅས་ལ་མཐོང་ཆེན་བྱས་ཏེ་མི་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་ཀྱི་ཁྲིད་སྟོན་ལ་སྣེ་ཁྲིད་བྱས་པས་ལས་བྱེད་པ་289རིམ་པ་བཞི་པའི་བརྟག་ཞིབ་པ་དང་དེ་ཡན་གྱི་འགན་རིམ་ལ་སྤར་ཞིང་། དེའི་ནང་རྫོང་དང་ཤང་རིམ་པའི་གཞི་རིམ་གྱིས་66.09%བཟུང་ཡོད། ལས་བྱེད་པའི་གོ་གནས་འཕར་ཆག་གཉིས་རུང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ད་ལྟའི་གོ་འགན་འཁུར་རྒྱུར་མི་འཚམ་པའི་ལས་བྱེད་པ་32དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

    “ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། གཞི་རིམ་རྩ་འཛུགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཞབས་ཞུ། ལས་དོན་འགན་ལེན། འགན་འཁྲི་དོན་འཁྱོལ་བཅས་ཀྱི་མ་ལག་ཆེན་པོ་ལྔ་ཧུར་ཐག་བཙུགས་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་གྲུབ་ཆ་ཆ་ཚང་བའི་གྲོང་ཁྱེར་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་མ་ལག་བཏོད་པ་དང་། “ཇོ་མོ་གླང་མའི་སྣེ་ཁྲིད་པའི”ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་མ་ལག་ས་བཀྲའི་APPགསར་སྤེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མཐོང་ཆོས་ཅན་གྱི་སྒོ་ནས་སློབ་སྦྱོང་དང་སྤེལ་རེས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་རིམ་པའི“འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་55བསྐྲུན་པ་དང་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་25ལ་མཐིལ་རྟོགས་བཅོས་སྒྲིག་བྱས་པ་རེད།

    རྣམ་གྲངས་ཅན་གྱི་ཐོག་ནས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཞིང་། རྫོང(ཆུས)ཨུད་ཀྱི་ཧྲུའུ་ཅི་18དང་ལས་རིགས་ཁོངས་གཏོགས་ཏང(ལས་དོན)ཨུད་ཀྱི་ཧྲུའུ་ཅི་6གིས་རང་འགུལ་ངང་གཞི་རིམ་ཏང་འཛུགས་སྐྱོང་གི“ཧྲུའུ་ཅིའི་རྣམ་གྲངས”ངོས་འཛིན་རྩིས་ལེན་བྱས་པ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)ཏང(ལས་དོན)ཨུད་ཀྱི་ཧྲུའུ་ཅི་206དང་། ལས་ཁུངས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་87 གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་1539བཅས་ཀྱིས“ཧྲུའུ་ཅིའི་རྣམ་གྲངས”ངོས་འཛིན་རྩིས་ལེན་བྱེད་པར་དཔེ་སྟོན་སྐུལ་ཁྲིད་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་དང་དཀའ་གནད་1856ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཡག་པོ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

    2023ལོ་ནས་བཟུང་གྲོང་གསེབ་ཀྱི་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་ཁ་ཐོར་སོགས་ཀྱི་དཀའ་གནད་དང་འགག་གནད་ཐག་གཅོད་བྱ་ཆེད། པ་སྣམ་རྫོང་གིས་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཐོན་ལས་འཁོར་འབྲེལ་ཏང་ཨུད་1དང་། ཤིང་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་4 ཞིང་ནང་ཏང་ཚོགས་ཆུང་20བཅས་བཙུགས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་སྦྲེལ་མཐུད་ཀྱིས་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་ཀའི་མ་ལག་བཙུགས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོ་278ལ་མཉམ་འབྲེལ་གྲོང་ཚོའི་ཏང་ཨུད་73ཁྱབ་གདལ་བཏང་ནས་བཙུགས་ཏེ་གྲོང་གསེབ་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་རེད།

    ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་བྱས་ཏེ། “སེ་འབྲུ་རྡོག་ལྟར”གྱི་གསར་བརྗེའི་ས་ཚིགས་110བཏོད་དེ་ཡུལ་སྐོར་བར་ཞབས་འདེགས་ཐེངས་ཁྲི་7.1ལྷག་ཙམ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།