མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཡག་པོ་གཉེར་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་རིམ་པ་འཕར་བར་སྐུལ་འདེད་བཏང་བ།
འདི་ལོ་ཚུན་དུ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གིས“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཡག་པོ་གཉེར་རྒྱུ་དེ། སྣེ་ཁྲིད་པ་གསོ་སྐྱོང་དང་མང་ཚོགས་ལ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་། “སུས་ཤོད་པ་དང་། ཅི་ཞིག་ཤོད་པ། ཇི་ལྟར་ཤོད་པ”བཅས་ལ་དམིགས་ཏེ་ཁག་ཐེངས་དབྱེ་ནས་ཀྲི་པུའུ་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་གཏམ་བཤད་འགྲན་བསྡུར་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་གི་རིམ་པ་འཕར་བ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ་རེད།
“སུས་ཤོད་པར”དམིགས་ཏེ་གཏམ་བཤད་པ་གཙོ་བོ་ཡག་པོ་བདམས་ཤིང་། ཀྲི་པུའུ་ཧྲུའུ་ཅི་གཙོ་བོར་བྱེད་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ཕུལ་བྱུང་ཏང་ཡོན་ཁ་གསབ་ཏུ་བྱས་པའི“1+2”ཀྱི་གཏམ་བཤད་པ་གཙོ་བོའི་དཔུང་ཁག་བཙུགས་པ་དང་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅིས“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”གཉེར་བ་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དོན་འཁྱོལ་བྱེད་པ་སོགས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ལམ་ལུགས་དང་ཟུང་འབྲེལ་བྱས་ཏེ། གོ་བདེ་རྟོགས་སླ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་འཆད་འགྲེལ་བྱས་པ་རེད།
“ཅི་ཞིག་ཤོད་པར”དམིགས་ཏེ་དངོས་ཕན་རང་བཞིན་ཆེ་རུ་བཏང་ཞིང་། མཚོ་ཆེན་རྫོང་གིས་དགོས་མཁོ་དང་བསྟུན་ནས་སློབ་གསོ་རྒྱག་པ་དང་དུས་བསྟུན་འཕེལ་རྒྱས་ཡོང་བར་སྣང་ཆེན་བྱས་ཏེ་གཙོ་གནད་དང་དཀའ་གནད་ལས་འགན་དང་ལྟེ་བའི་ལས་དོན་ལ་དམིགས་ནས་ནང་དོན་ཕུན་སུམ་ཚོགས་ལ་བེད་སྤྱོད་སྟབས་བདེ་བའི་ཐོན་ཁུངས་མཛོད་བཙུགས་ཡོད། “ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཀྱི་བྱེད་སྒོའི་འཆར་གཞི་བཟོས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ“འཆད་སྟེགས”ཀྱི་ངེས་སྦྱོང་སློབ་ཚན་དུ་བྱས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་དེའི་ལྟེ་བའི་དོན་སྙིང་དང་། བསམ་པའི་སྙིང་དོན། ལག་ལེན་གྱི་བླང་བྱ་བཅས་གསལ་པོར་བཤད་ཐོག་བྱེད་སྒོའི་ཆབ་སྲིད་ཀྱི་གཏོཌ་གཤིས་ཟབ་ཏུ་བཏང་བ་རེད།
“ཇི་ལྟར་ཤོད་པར”དམིགས་ཏེ་སློབ་ཁྲིད་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་ཞིང་། ལྟ་སྦྱོང་རྣམ་པ་དང་། ཉམས་ལེན་རྣམ་པ། མཉམ་འགུལ་རྣམ་པ་བཅས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད“འཆད་སྟེགས”དེ་ཚོགས་ཁང་ནས་འབྲོག་ར་དང་ཁུལ་ཆུང་གི་སྒོ་ར་བར་སྤོས་ཏེ་ཏང་ཡོན་དང་ལས་བྱེད་པའི་ཁྱད་པར་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་སྐོང་ཐུབ་པར་བྱས་ཡོད།