དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉེ་བའི་ལོ་བཅུའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་གཅིག་ཙམ་འཕར་བ།

    རང་རྒྱལ་གྱི་ཆུ་སྤྱོད་བསྡོམས་འབོར་འཕར་ཆག་མེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-30

    ཉེ་ཆར། “འབྱུང་འགྱུར་ཆུའི་བདེ་འཇགས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཆུའི་གཟའ་འཁོར་སྐབས་གསུམ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། གསར་འགོད་པར་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས“ཆུ་གྲོན་ཆུང་སྔོན་འཇོག་དང་། བར་མཐོངས་དོ་སྙོམས། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་བས། རང་རྒྱལ་གྱི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་རགས་ལས་ཕན་ཆུང་ནས་ལེགས་བསྡུས་ཕན་ཆེའི་བར་འགྱུར་ལྡོག་ཕྱིན་ཡོད། ཉེ་བའི་ལོ་10རིང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་གཅིག་ཙམ་འཕར་ཡང་རང་རྒྱལ་གྱི་ཆུ་སྤྱོད་བསྡོམས་འབོར་འཕར་ཆག་མེད་པ་རེད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་6%ལས་ཟིན་གྱི་མེད་པའི་ཚྭ་མེད་ཆུའི་ཐོན་ཁུངས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་20%ཙམ་ཟིན་པའི་མི་འབོར་གྱི་ཆུ་སྤྱོད་འགན་ལེན་ཐུབ་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་18%ཡན་གྱི་དཔལ་འབྱོར་བསྡོམས་འབོར་ཡང་བཏོད་ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཆུའི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱེད་ནུས་དང་། ཆུ་མཁོ་འདོན་འགན་ལེན་བྱེད་ནུས། འཐབ་ཇུས་གསོག་འཇོག་བྱེད་ནུས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་ཆུའི་དྲ་རྒྱ་མགྱོགས་མྱུར་བཙུགས་པས“ལྷོ་བྱང་སྙོམས་སྒྲིག་དང་ཤར་ནུབ་གསབ་རེས”ཀྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་9000ལྷག་ཙམ་ཟིན་ནས་གྲོང་གསེབ་ཏུ་རང་འབབ་ཆུ་ཀ་ལ་ཁྲིད་ཚད་90%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།