སི་རི་ལན་ཁའི་རི་ཁུལ་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བའི་ཚ་རླབས་འཕྱུར་བ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་ཀྲུང་གོའི་དགེ་རྒན་ཞ་ཙི་ཧན་གྱིས་ཁུང་ཙི་སློབ་ཁང་དུ་རྒྱ་ཡིག་ཆེད་ལས་ཀྱི་སློབ་མར་སློབ་ཚན་འཁྲིད་བཞིན་པ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གི་ཡོན་ཀྲང་ཀྲུའུ་སུང(གཡོན)གིས“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”བྱེད་སྒོར་སློབ་གྲྭའི་དགེ་རྒན་དང་ལས་བཟོའི་རྒྱ་ཡིག་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་མཉམ་འགུལ་སྤེལ་རེས་བྱེད་བཞིན་པ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་ཀྲུང་གོའི་དགེ་རྒན་ཞ་ཙི་ཧན(གཡོན)གྱིས་ཁུང་ཙི་སློབ་ཁང་དུ་རྒྱ་ཡིག་ཆེད་ལས་ཀྱི་སློབ་མར་སློབ་ཚན་འཁྲིད་བཞིན་པ།
འདི་ནི་སི་རི་ལན་ཁའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གི་ཡོན་ཀྲང་ཀྲུའུ་སུང(གཡོན་གྱི་གཉིས་པ)དང་། དགེ་རྒན་ཞ་ཙི་ཧན(གཡོན་གྱི་གསུམ་པ) ཀྲང་ཧོན(གཡོན་གྱི་དང་པོ)བཅས་ཀྱིས་སློབ་གྲྭའི་ཉེ་འཁོར་གྱི་སྲོལ་རྒྱུན་ཚོང་འདུས་ནས་ཉོ་ཆ་རྒྱག་བཞིན་པ།
འདི་ནི་སི་རི་ལན་ཁའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གི་ཡོན་ཀྲང་ཀྲུའུ་སུང(གཡོན)གིས་རྒྱ་ཡིག་ཆེད་ལས་ཀྱི་སློབ་མ་རྣམས་དང་སྤེལ་རེས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བླངས།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་ཁུང་ཙི་སློབ་ཁང་དུ་རྒྱ་ཡིག་ཆེད་ལས་ཀྱི་སློབ་མ་རྣམས་ཀྱིས་སློབ་ཚན་ཉན་བཞིན་པ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་ཀྲུང་གོའི་དགེ་རྒན་ཀྲང་ཧོན་གྱིས་ཁུང་ཙི་སློབ་ཁང་དུ་རྒྱ་ཡིག་ཆེད་ལས་ཀྱི་སློབ་མར་སློབ་ཚན་འཁྲིད་བཞིན་པ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གི་དགེ་རྒན་ཀྲང་ཧོན(གཡས)དང་ཞ་ཙི་ཧན(གཡོན)གྱིས་གཞུང་ལས་ཁང་དུ་སློབ་ཁྲིད་གྲ་སྒྲིག་བྱེད་བཞིན་པ།
འདི་ནི་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་ཀྲུང་གོའི་དགེ་རྒན་ཞ་ཙི་ཧན(གཡས)གྱིས་ཁུང་ཙི་སློབ་ཁང་དུ་རྒྱ་ཡིག་ཆེད་ལས་ཀྱི་སློབ་མ་རྣམས་ལ་ཀྲུང་གོའི་ཡིག་གཟུགས་བརྩམས་ཆོས་སྟོན་བཞིན་པ།
སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་ནས་རླངས་འཁོར་ལ་བསྡད་དེ་ཀྱག་ཀྱོག་གི་རི་ལམ་དུ་ཆུ་ཚོད་ལྔ་ལྷག་ཙམ་བསྐྱོད་མཐར་སི་རི་ལན་ཁའི་དབུས་ཁུལ་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པའི་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་དུ་འབྱོར། རི་ཚོགས་ཀྱིས་བསྐོར་བའི་སློབ་གྲྭའི་ནང་འཆམ་འཆམ་དུ་སྐྱོད་སྐབས་རྟག་ཏུ་རྒྱ་ཡིག་ཀློག་པའི་སྒྲ་ལྷང་ལྷང་དུ་ཐོས་ཐུབ།
2019ལོར་ཀྲུང་གོའི་ཧོང་ཀང་དགེ་འོས་སློབ་གླིང་དང་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱིས་མཉམ་དུ་ཁུང་ཙི་སློབ་ཁང་བཙུགས་ཤིང་། གསར་འགོད་པས་རི་ཁུལ་གྱི་ཁུང་ཙི་སློབ་ཁང་དེར་བཅར་འདྲི་བྱེད་སྐབས། དེ་གར་སློབ་ཁྲིད་ཀྱི་ལས་ལ་གཞོལ་བའི་ཀྲུང་གོའི་བུད་མེད་དགེ་རྒན་3དང་འཕྲད་བྱུང་།
ཡུལ་དེ་གར་ལས་ཀ་ལོ་3ལྷག་ཙམ་བྱས་པའི་ཁུང་ཙི་སློབ་ཁང་གི་ཡོན་ཀྲང་ཀྲུའུ་སུང་གིས“2022ལོར་སི་རི་ལན་ཁའི་དཔལ་འབྱོར་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ང་ཚོས་སྡུག་རུས་བྱེད་ཐུབ་བྱུང་། ད་ལྟ་ལས་ཀ་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ཡག་ཏུ་ཕྱིན་པས་ང་རང་བློ་ཡིད་ཧ་ཅང་ཚིམ་པོ་འདུག”ཅེས་སྤྲོ་སྣང་ཆེན་པོས་བཤད།
ལོ་རབས་དགུ་བཅུའི་ནང་སྐྱེས་ཀྱི་ན་གཞོན་དགེ་རྒན་ཀྲང་ཧོན་དང་ཞ་ཙི་ཧན་གཉིས་ཀྱང་སེམས་ཤུགས་དང་སྤྲོ་སྣང་གིས་ཁེངས། “ནེ་པ་ལར་ཡང་ང་ཚོས་རྒྱ་ཡིག་དགེ་རྒན་ལོ་ཁ་ཤས་བྱས་མྱོང་། སི་རི་ལན་ཁར་སླེབས་རྗེས་རང་ཉིད་ཀྱི་གདམ་ག་དེ་བས་བརྟན་དུ་ཕྱིན་སོང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཧུར་བརྩོན་དང་། མཛའ་མཐུན། གསོན་ཤུགས་བཅས་ལ་བརྟེན་ནས་སློབ་མའི་ཡིད་དབང་བཀུག་པ་ཡིན། དེ་ལྟར་བྱས་ན་ཁོང་ཚོའི་རྒྱ་ཡིག་སྦྱོང་བའི་སྤྲོ་སེམས་དང་ཀྲུང་གོར་བཅངས་པའི་བརྩེ་སེམས་དེ་བས་ཀྱང་འཕེལ་ཐུབ”ཅེས་བཤད།
ཀྲུང་གོའི་དགེ་རྒན་གསུམ་གྱི་འབད་བརྩོན་ལ་བརྟེན་ནས་ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གི་སློབ་ཁྲིད་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན། ཁོང་ཚོ་རང་ཉིད་ཀྱིས་རྩོམ་སྒྲིག་བྱས་ནས་ཡུལ་དེ་གའི་སློབ་མར་འཚམ་པའི་རྒྱ་ཡིག་སློབ་དེབ་བཟོས་ཤིང་། ད་དུང་བརྙན་ཐུང་བཙལ་ནས་སློབ་མ་རྣམས་ལ་ཧོང་མའེ་ཁྲང་ཞི་དང་སྨྱུག་རོལ་མགྱོགས་གཏམ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་སྲོལ་རྒྱུན་རིག་རྩལ་སྦྱོང་དུ་བཅུག་པ་རེད། གཞན་ཡང་། ཁུང་ཙི་སློབ་ཁང་གིས་ཝུའུ་ཝོ་ཞིང་ཆེན་དང་ཐག་ཉེ་བའི་རི་ཁུལ་སློབ་འབྲིང་ཞིག་ཏུ་རྒྱ་ཡིག་སློབ་ཁྲིད་ས་ཚིགས་བཙུགས་ནས་དུས་བཀག་ལྟར་ཡུལ་དེར་རྒྱ་ཡིག་དགེ་རྒན་གསོ་སྦྱོང་བྱེད་རོགས་བྱས་པ་རེད།
ཞ་ཙི་ཧན་གྱིས། ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་ཁུང་ཙི་སློབ་ཁང་གིས་གཟའ་འཁོར་རེར་དགེ་རྒན་དང་ལས་བཟོར་དམིགས་པའི་རྒྱ་ཡིག་སློབ་ཚན་ཐེངས་གཉིས་བཀོད་སྒྲིག་བྱས་པ་དང་། དེ་ལ་བརྟེན་ནས“སློབ་མ”20ཙམ་གྱི་ཡིད་དབང་བཀུག་ཡོད། “ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་སློབ་སྤྱི་ཟུར་པ་རྟག་ཏུ་སློབ་ཚན་ཉན་པར་ཆེད་མངགས་ཡོང་གི་ཡོད། འབྱོར་ཐོའི་རེའུ་མིག་ཐོག་ཐེངས་མ་གཅིག་ཀྱང་ཆད་མྱོང་མེད། ལོ་70ཙམ་ལ་སླེབས་པའི་དཔེ་མཛོད་ཁང་གི་ཀོན་ཀྲང་གིས་སློབ་ཚན་གྲོལ་རྗེས་ད་དུང་རྟག་ཏུ་ང་ཚོ་བཙལ་ནས་གསབ་ཁྲིད་བྱེད་པའི་རེ་བ་འདོན་གྱི་ཡོད། ཁོང་ཚོས་སློབ་ཚན་ནང་ཧུར་ཐག་ཞུགས་པ་དང་ང་ཚོར་གདེང་འཇོག་ཡག་པོ་བྱེད་པ་དེ་ང་ཚོའི་སྒུལ་ཤུགས་ཆེ་ཤོས་ཡིན”ཞེས་བཤད།
ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་སྤྱི་ཚོགས་ཚན་རིག་དང་སྐད་ཡིག་སློབ་གླིང་གི་ཡོན་ཀྲང་ལུའོ་ཧན·ཨ་པེ་ཝེ་ཁེ་ལ་མ་ཡིས། ཉེ་བའི་ལོ་ཤས་རིང་། ས་པོ་ལེ་ཀེ་མུའུ་ཝོ་སློབ་ཆེན་གྱི་སློབ་མས་རྒྱ་ཡིག་ཆེད་ལས་སྦྱོང་བའི་རེ་ཞུ་དང་ཧུར་སེམས་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། “ད་ལོ་རྒྱ་ཡིག་ཆེད་ལས་དང་པོར་བྱས་པའི་སློབ་མ་21ཡོད། གཞན་ཡང་སློབ་མ་50ཡིས་ཆེད་ལས་གཉིས་པ་དང་གསུམ་པར་རྒྱ་ཡིག་རེ་ཞུ་བྱས་ཡོད”ཅེས་བརྗོད།
“སི་རི་ལན་ཁའི་གྲོང་གསེབ་ཀྱི་མི་འབོར་80%ལྷག་ཙམ་ཟིན་གྱི་ཡོད། དེང་སྐབས་ས་གནས་འདི་གར་ཁུང་ཙི་སློབ་ཁང་བཙུགས་པས་རི་ཁུལ་གྱི་སློབ་མ་ཚོའི‘རྒྱ་ཡིག་སྦྱོང་བའི་ཕུགས་འདུན’འགྲུབ་རྒྱུར་མཐུན་རྐྱེན་འཛོམས་ཡོད”ཅེས་ཨ་པེ་ཝེ་ཁེ་ལ་མས་བཤད།