རྒྱལ་ཡོངས་ནས་དབྱར་འབྲུ་ཏུན་ཁྲི་7000ལྷག་ཙམ་ཉོ་སྒྲུབ་བྱས་པ།
གསར་འགོད་པར་རྒྱལ་ཡོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་དབྱར་འབྲུ་ཉོ་སྒྲུབ་ལས་དོན་མཇུག་འགྲིལ་ལ་ཉེ་ཞིང་། ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཀྱི་ཁེ་ལས་ཁག་གིས་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་རིམ་རྩིས་བརྒྱབ་ན་ཏུན་ཁྲི་7000ལྷག་ཙམ་ཟིན་པ་དང་ཉོ་སྒྲུབ་བྱེད་ཚད་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཅུང་མཐོ་པོར་སླེབས་ཡོད། སྟོན་འབྲུ་རིམ་པས་བསྡུས་ཟིན་ཏེ་ཁྲོམ་རར་བཏོན་པ་དང་བསྟུན་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྟོན་འབྲུ་ཉོ་སྒྲུབ་ལས་དོན་ལ་བཀོད་སྒྲིག་བྱས་ཟིན་པ་དང་། ས་ཁུལ་ཁག་གིས་སྟོན་འབྲུ་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་གང་མགྱོགས་བསྒྲུབས་ཏེ“འབྲུ་རིགས་བསྡུ་མཁན་ཡོད་པ་དང་། འབྲུ་རིགས་བསྡུ་བའི་དངུལ་ཡོད་པ། འབྲུ་རིགས་བསྡུ་བའི་འབྲུ་མཛོད་ཡོད་པ། འབྲུ་རིགས་དབོར་འདྲེན་གྱི་འཁོར་རིགས་ཡོད་པ”བཅས་ལ་འགན་ལེན་བྱས་པ་རེད།
ད་ལོ་དབྱར་འབྲུ་ཁྲོམ་རར་བཏོན་ཚུན། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་ཧུར་ཐག་བཏོན་ནས། འབྲུ་རིགས་བསྡུ་རུབ་གསོག་འཇོག་དང་སྙོམས་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་ལྟ་འདོམས་ཚད་ལེན་དང་། ཐོན་ཚོང་སྦྲེལ་མཐུད། གྲབས་གསོག་བརྗེ་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་པས། ཉོ་སྒྲུབ་ཀྱི་འཕེལ་རིམ་སྤྱིའི་ཆ་ནས་བདེ་བླག་བྱུང་ཡོད་པ་རེད།
རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་འབྲུ་རིགས་གྲབས་གསོག་སིའི་སི་ཀྲང་ལུའོ་ཧྲོའུ་ཆོན་གྱིས། ད་ལོ་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་དུང་ཕྱུར་2ཡས་མས་ཟིན་པ་དེ་ལོ་གོང་མ་དང་སྤྱིའི་ཆ་ནས་གཅིག་མཚུངས་རེད་ཅེས་བཤད་པ་རེད།