དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་སེམས་དྲོས་པའི“དམངས་འཚོའི་རྒྱུགས་ལན”

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་སྤྱི་ ཚོགས་བྱ་གཞག་གི་གྲུབ་འབྲས་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-29

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་ཚུན།

    རང་རྒྱལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཤིང་། མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུན་ཆད་མེད་པར་བྱས་པས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

    དམངས་འཚོའི་སྒྱུར་བཅོས་ཟབ་གཏོང་གིས། མཛེས་སྡུག་ལྡན་པའི་འཚོ་བ་བཏོད།

    2023ལོར།

    རྒྱལ་ཡོངས་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་39218ཟིན་པ།

    ཟོག་གོང་གི་རྒྱུ་རྐྱེན་ཕུད་ནས་1949ལོ་དང་བསྡུར་ཚེ་དོན་དངོས་ཐོག་ལྡབ་76འཕར་བ་དང་། ལོ་རེར་ཆ་སྙོམས་6.0%འཕར་ཡོད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བསྡུར་ཚད།

    2012ལོའི་2.88:1ནས་2023ལོའི་2.39:1བར་ཆུང་དུ་ཕྱིན་ཡོད།

    རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན།

    1949ལོའི་སྨི་ངོས་གྲུ་8.3ནས་2023ལོའི་ལོ་མཇུག་གི་སྨི་ངོས་གྲུ་40ལྷག་ཙམ་བར་མཐོ་རུ་ཕྱིན་ཡོད།

    འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་གནས་སྤོས་སྡོད་ཁང་རིམ་རྩིས་བྱས་ན་ཆ་ཚང་ཁྲི་6400ལྷག་བསྐྲུན་ནས།

    མང་ཚོགས་དུང་ཕྱུར་1.5ལྷག་ཙམ་གྱི་བདེ་སྡོད་ཕུགས་འདུན་གྲུབ་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁབ་ཐོབ་པ།

    ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་མི་དམངས་ཀྱི་འཚོ་བ་ཧ་ཅང་དབུལ་ཕོངས་ཡིན།

    2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག

    གྲོང་གསེབ་ཁྲི་9899ཡི་མི་འབོར་དབུལ་པོ་ཡོངས་དབུལ་སྒྲོལ་བྱུང་བ།

    རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ།

    གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་གྲལ་ནས་དོན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།