དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འཐབ་ས་ཆུང་ཡང་ནུས་པ་ཆེན་པོ་ཐོན། ལས་དོན་གནད་སྨིན་ཕྱུག་པོའི་ལམ་དུ་བསྐྱོད།

    —— གོང་དཀར་རྫོང་སྐལ་བཟང་མེ་ཏོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་གྲོས་ཨུ་ཡོན་ལས་དོན་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-29

    ཟླ་བ་8པར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གོ་ཆེ་གྲོང་ཚོའི་ནས་ཞིང་ལ་ལོ་ལེགས་བྱུང་བ་དང་ཐུན་མོང་ཕྱུག་འགྱུར་བཟོ་ཁང་ཡང་དངོས་སུ་སྒོ་ཕྱེ་བས་བཀྲ་ཤིས་ཉིས་བརྩེགས་རང་རེད། ནས་དོ་པོ་དང་དོ་པོ་ཐུན་མོང་ཕྱུག་འགྱུར་བཟོ་ཁང་དུ་དབོར་ནས་ལས་སྣོན་ཞིབ་ཚགས་བྱས་རྗེས་རིན་ཐང་ལྡབ་འཕར་ཡོང་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐུན་མོང་ཕྱུག་འགྱུར་བཟོ་ཁང་གི་རྣམ་གྲངས་ནི་གོ་ཆེ་གྲོང་ཚོས་བོད་ལྗོངས་དང་ཧུའུ་ནན་གྱི་ཉམས་འགྱུར(བོད་ལྗོངས)ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་དུ་བཙུགས་ཤིང་། སྔོན་དཔག་བྱས་ན་ལོ་ལྟར་ནས་ཏུན་400ལྷག་ཙམ་སྤྱད་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཉུང་མཐར་ཡང་འབབ་འཕར་ཁྲི་320གཏོད་ཐུབ་རྒྱུ་མ་ཟད། གོ་ཆེ་གྲོང་ཚོའི་མང་ཚོགས་ལ་ལས་ཞུགས་ལས་གནས་30ལྷག་ཙམ་ཡང་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།

    འདི་ནི་གོང་དཀར་རྫོང་སྐལ་བཟང་མེ་ཏོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་གྲོས་ཨུ་ཡོན་ལས་དོན་ཁང་གི་གཡུར་ཟའི་གྲུབ་འབྲས་གཞན་ཞིག་རེད། སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་ཡག་པོ་དང་གོ་ཆེ་གྲོང་ཚོའི་ས་བོན་བཟང་པོ་ཟུང་འབྲེལ་བྱས་པས། གོ་ཆེ་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་པ་རེད།

    བོད་སྐྱོར་སྟོབས་ཤུགས་ཀྱིས་རྒྱ་སྟོབས་ཆེ་རུ་འགྲོ་བར་རམ་འདེགས་བྱས་པ།

    “གོ་ཆེ་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག”“ཨར་འདམ་ལམ་བུ་ཤར་གཏོང་ཐུབ་པས་འགྲོ་ལམ་བདེ་ཤིག་ཤིག་ཏུ་གྱུར་པ་དང་། སོ་ཕག་དམར་པོའི་གྱང་བརྒྱབ་ནས། ལྕི་བ་ཡང་མཐོང་རྒྱུ་མི་འདུག”ཅེས་གོ་ཆེ་གྲོང་ཚོར་ལས་ཀ་བྱེད་མྱོང་བའི་གོང་དཀར་རྫོང་སྲིད་གྲོས་ཀྱི་ལས་བྱེད་པ་དབྱང་ཁྲེང་གིས་མྱོང་ཚོར་ཟབ་མོས་གླེང་།

    འོན་ཀྱང་ལོ་གཉིས་གོང་གོ་ཆེ་གྲོང་ཚོའི་རྣམ་པ་ནི་གཞི་རིམ་ཏང་རྩ་འཛུགས་ནུས་མེད་ཟབ་ཟོབ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་མ་ཐུབ་པ། གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ། གྲོང་ཚོའི་རྣམ་པ“བཙོག་ཟིང་ཞན་གསུམ”ཡིན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཐེབས་པ་སོགས་ཡིན།

    2022ལོའི་ཟླ་7པར། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་གོང་དཀར་རྫོང་དུ་བཅའ་སྡོད་བྱས་པ་དང་འཕྲལ་མར་དཀའ་ངལ་ཁྱད་བསད་བྱས་ཏེ་ལས་དོན་སྤེལ་ཡོད། ལས་དོན་སྤེལ་རིང་བོད་སྐྱོར་ལས་དོན་རུ་ཁག་གིས་གོ་ཆེ་གྲོང་ཚོའི་གནས་ཚུལ་ལ་དོ་སྣང་བྱུང་ཡོད།

    དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་ཆེ་གྲོང་ཚོའི་སྡོད་མལ་ཁོར་ཡུག་ལེགས་སུ་གང་འདྲ་གཏོང་དགོས་མིན་དང་གྲོང་ཚོའི་ཡུལ་མི་དང་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་གང་འདྲ་གཏོང་དགོས་མིན་ཐད་ས་ཆ་དེ་གར་ཟླ་བ་ཁ་ཤས་བརྟག་ཞིབ་བྱས་པ་བརྒྱུད། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང”དང་ཁྲང་ཧྲ་ཡི་གྲོང་གསེབ་དར་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུའི་ཐག་བཅད་པ་མ་ཟད། གོང་དཀར་རྫོང་དང་མཉམ་དུ་སྒོར་ཁྲི་800བཏང་ནས་གོ་ཆེ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་བཙུགས་ཏེ་ཆེས་ཉམས་ཞན་གྱི་ལྷུ་ཚིགས་ནས་འགོ་བརྩམས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བས། “ས་ཚིགས་གཅིག་བཏོད་དེ་ཡུག་གཅིག་ལ་སྐུལ་ཁྲིད་བྱེད་པའི”དཔེ་སྟོན་གྱི་ནུས་པ་ཐོན་ཡོད།

    དེའི་རིང་ཁྲང་ཧྲ་གྲོང་ཁྱེར་སྲིད་གྲོས་ཀྱི་ཁ་གཏད་བོད་སྐྱོར་ལས་བྱེད་པ་ཨོ་ཝུན་ཆིང་དང་ཀྲང་ལུའེ་ཤོན་གྱིས་ཁྲང་ཧྲ་གྲོང་ཁྱེར་སྲིད་གྲོས་ཀྱིས“ཨུ་ཡོན་གྱི་ལས་དོན་ཁང”བཙུགས་པའི་ཉམས་མྱོང་བཟང་པོ་གངས་ལྗོངས་ས་མཐོར་ཁྱབ་གདལ་བཏང་ཡོད། 2023ལོའི་ཟླ་8པར། ཁྲང་ཧྲ་གྲོང་ཁྱེར་སྲིད་གྲོས་ཀྱིས་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་བསྐྲུན་པའི་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་གྱི་ལས་དོན་ཁང་དང་པོ་སྟེ། “གོང་དཀར་རྫོང་སྐལ་བཟང་མེ་ཏོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་གྲོས་ཨུ་ཡོན་ལས་དོན་ཁང”དངོས་སུ་བཙུགས་པ་རེད།

    བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་མཐུད་མཐུན་སྦྱོར་བྱས་པ་བརྒྱུད་2023ལོའི་ཟླ་9པར་ཁྲང་ཧྲ་དང་གོང་དཀར་གཉིས་ཀྱི་སྲིད་གྲོས་ཀྱིས་གྲོལ་མོལ་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཁར། “གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”གྲོས་གཞིར་དམིགས་ཏེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཉམས་མྱོང་སྤེལ་རེས་གང་ལེགས་བྱས་ནས་གོ་ཆེ་གྲོང་ཚོའི་རྣམ་པ་བཅོས་སྒྲིག་ལས་དོན་ཐད་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།

    སྲིད་གྲོས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོས་ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་བཏང་བ།

    ལོ་གཅིག་ཚོད་ལྟའི་འཁོར་སྐྱོད་དང་། ནུས་པ་འཐུས་ཚང་། སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་རྗེས་ལས་དོན་ཁང་གིས་སྔ་རྗེས་སུ་ཁྲང་ཧྲ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནས་སྒོར་ཁྲི་25རི་བའི་འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་ཞལ་འདེབས་སུ་སློང་སྟེ་གོང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་ལ་རྒྱབ་སྐྱོར་བྱས་ཡོད། “ཁྲང་ཧྲ་སྲིད་གྲོས་ཨུ་ཡོན་གྱི་ཁེ་ལས་ཀྱིས་སྟོན་དུས་ལས་གནས་མཁོ་འདོན་བྱེད་པའི”བྱེད་སྒོ་སྤེལ་ཏེ་ཨུ་ཡོན་གྱི་ཁེ་ལས་4ཡིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བར་ལྗོངས་ཕྱིའི་ལས་ཞུགས་ཀྱི་ལས་གནས་30ལྷག་ཙམ་མཁོ་འདོན་བྱས་ཡོད། ཁྲང་ཧྲ་ཐ་མག་བཟོ་གྲྭ་དང་འབྲེལ་བ་བྱས་ནས་སྒོར་ཁྲི་10བཏང་སྟེ་གྲོང་ཚོ་རིམ་པའི་གཞོན་ནུ་ལོ་ཆུང་གི་བྱིས་པའི་དཔེ་མཛོད་ཁང་བཙུགས་ནས་གོ་ཆེ་གྲོང་ཚོའི་ལོ་12མན་གྱི་བྱིས་པ་300ལྷག་ཙམ་ལ་ཆེད་དམིགས་དཔེ་ཀློག་བྱེད་ས་དང་ཁོང་ཚོར་འཚམ་པའི་སློབ་ཕྱིའི་ཀློག་དེབ་མཁོ་འདོན་བྱས་ཡོད།

    འདི་ལོའི་ཟླ་4པར་ཨུ་ཡོན་གྱི་བཞུགས་མོལ་སྤེལ་རེས་ཚོགས་འདུའི་ཐོག་ལས་དོན་ཁང་ལ་གསར་དུ་བཅའ་སྡོད་གོང་དཀར་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་དང་ཧུའུ་ནན་གྱི་ཉམས་འགྱུར(བོད་ལྗོངས)ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་མིང་གིས་གྲོང་ཚོ་དང་ཁེ་ལས་མཉམ་ལས་བྱས་ཏེ་གྲོང་ཚོའི་ཡུལ་མིའི་ཡོང་འབབ་མང་དུ་གཏོང་བའི་ཐབས་ཤེས་བཟང་པོ་གསར་པ་ཞིག་བཏོན།

    གྲོས་བསྡུར་བྱས་པ་བརྒྱུད། ཨུ་ཡོན་ཚོས་ཐབས་ཤེས་དེ་ནི་ལག་བསྟར་ཁྱབ་གདལ་གཏོང་གོ་ཆོད་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་གོ་ཆེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་དང་། ཁེ་ལས་གཉེར་སྐྱོང་བྱེད་པོ། གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་བཅས་དང་ཞིང་དུད་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཐུན་མོང་འབྱོར་ཕྱུག་ལས་ཁང”བཙུགས་ཡོད།

    “ནས་ཀྱི་ཐོན་ཁུངས་སྤྱད་པ་དེ་ནི་ཡུལ་དེ་གའི་དོན་དངོས་དང་མཐུན་ཡོད་ལ། མང་ཚོགས་ལའང་རོགས་པ་དངོས་གནས་ཐུབ་ཡོད”ཅེས་གོང་དཀར་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལས་དོན་ཁང་དུ་བཅའ་སྡོད་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཆོན་གྱིས་བརྗོད་པ་དང་ཁོང་གིས་ཁེ་ལས་ཀྱིས་ནས་ཀྱི་ཐོན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ་གསར་སྣོན་བྱས་རྗེས་གོ་ཆེ་གྲོང་ཚོ་ནས་ནས་ཉོ་སྒྲུབ་བྱེད་དགོས་པས། ཞིང་ནང་གི་ནས་རྣམས་ཡོང་འབབ་གསོག་བྱེད་དུ་གྱུར་པའི་དབང་གིས་གྲོང་མི་ཚོ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་ཡོད་ཅེས་བརྗོད།

    བྱེད་ཐབས་སྒྱུར་བཅོས་བྱས་ནས་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་བཏོད་པ།

    དེ་སྔའི་རྗེས་ལུས་གྲོང་ཚོ་ནས་ད་ཆའི་ཐུན་མོང་འབྱོར་ཕྱུག་ལས་ཁང་གི་རྟེན་གཞི་ཆེ་མོར་གྱུར་ཡང་གོ་ཆེ་གྲོང་ཚོར་ད་དུང་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ཆ་མང་པོ་ཡོད། དེས་ན་ལས་དོན་ཁང་གིས་རྫོང་སྲིད་གྲོས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་གཅིག་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གོ་ཆེ་གྲོང་ཚོར་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ་སྲིད་གྲོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གོ་ཆེ་ཐུན་མོང་འབྱོར་ཕྱུག་ཡོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་རོགས་བྱས་ཡོད་པ་རེད།

    ཟླ་8པའི་ཟླ་འགོར་གོང་དཀར་རྫོང་སྲིད་གྲོས་ཨུ་ཡོན་གྱི་ཁེ་ལས་འཚམས་འདྲིར་སྐྱོད་པ་དང“བཟོ་ཚོང་དང་། གྲོང་ཚོ། ཁེ་ལས་བཅས་མཉམ་ལས་བྱས་ཏེ་གྲོང་མིའི་འབབ་འཕར་ལ་རམ་འདེགས་བྱེད་པའི”ཞིང་ནང་གླེང་མོལ་གྱི་བྱེད་སྒོ་ལྕེ་བདེ་ཞོལ་གྲོང་རྡལ་དུ་སྤེལ་བ་རེད།

    “ལས་དོན་ཁང་དུ་བཅའ་སྡོད་ཨུ་ཡོན་ཚོས་གོང་དཀར་འཕེལ་རྒྱས་གཏོང་ཆེད་ཐབས་དང་ཇུས་བཏོན་ཏེ་སྲིད་གྲོས་ཀྱི་སྟོབས་ཤུགས་ཞིང་ནང་དང་མུ་ཁར་ཁྱབ་པ་བྱས་ཡོད”ཅེས་གོང་དཀར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཤི་ལོག་གིས་བརྗོད་པ་དང་། ཁོང་གིས་གཞི་རིམ་དང་མང་ཚོགས་དང་ཉེ་བཅར་ཆེ་ཤོས་ཀྱི་ས་ཆར་ཨུ་ཡོན་གྱིས་གཙོ་བོར་བྱེད་པ་དང་། གཞི་རིམ་ལ་ཁ་ཕྱོགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་རང་བཞིན་གྱི་གྲོས་མོལ་ལས་སྟེགས་ཤིག་བསྐྲུན་པ་དང་། དེ་ནི་སྲིད་གྲོས་གྲོས་མོལ་གཞི་རིམ་དུ་ཁྱབ་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་འཚོལ་ཞིབ་ནུས་ལྡན་ཞིག་རེད་ཅེས་བརྗོད།

    མིག་སྔར་གཞི་ཚུགས་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་གོང་དཀར་རྫོང་སྐལ་བཟང་མེ་ཏོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་གྲོས་ཨུ་ཡོན་ལས་དོན་ཁང་གིས་ཨུ་ཡོན་རང་ངོས་ཀྱི་ཁྱད་ཆོས་དང་དགེ་མཚན་གང་ལེགས་འདོན་པ་དང་ཨུ་ཡོན་ཚོས་རང་འགན་གཙང་སྒྲུབ་བྱེད་པར་རམ་འདེགས་བྱས་ཏེ། སྲིད་ཇུས་བློ་འདྲི་དང་། བཅའ་ཁྲིམས་རོགས་སྐྱོར། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས། རིག་གནས་གཤམ་སྤེལ། དབུལ་སྐྱོར་ཉེན་སྐྱོབ། ཞིང་ལས་ལག་རྩལ་ཁྱབ་གདལ་སོགས་དམངས་ཕན་དམངས་བདེའི་ཞབས་ཞུ་དང་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཚོར་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་སེལ་གང་ཐུབ་བྱས་ནས་རིགས་ཁོངས་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཏན་ཏིག་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཁྲོད་སྲིད་གྲོས་ཀྱི་རང་འགན་ཐེག་པ་འཁུར་ལེན་སྔར་བས་ཆེ་བ་མངོན་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།