དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ངོགས་གཉིས་ཀྱི་ཁེ་ལས་མཁས་ཅན་སན་ཡ་རུ་འཛོམས་ནས་མཉམ་ལས་ཟབ་གཏོང་གིས་གཉིས་ཕན་འཕེལ་རྒྱས་དོན་གཉེར་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-28

    ཤིན་ཧྭ་གསར་འགྱུར་ཁང་སན་ཡ་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཧའེ་ནན་སན་ཡ་རུ“མཉམ་འདྲེས་དང་། གསར་གཏོད། གཉིས་ཕན”བཅས་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཐའེ་དབན་ཚོང་པའི་དབུ་ཚོགས་འགོ་ཚུགས་ཤིང་། ངོགས་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཐའེ་དབན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ་ཡིས་འགོ་ཚུགས་ཤིས་ཚིག་ནང་། མེས་རྒྱལ་གྱི་སྐམ་ས་ཆེ་མོས་སྔར་བས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་སྐྱེད་བྱས་པས། སྤུན་ཟླ་ཐའེ་དབན་བའི་གསར་གཏོད་ལས་གཏོད་ཀྱི་བར་མཐོངས་དེ་བས་ཡངས་པ་དང་། མདུན་ལྗོངས་དེ་བས་ཡག་པ། འཐུས་སྒོ་དེ་བས་ཚང་བ་བཅས་ཀྱི་ལམ་ལུགས་ཀྱི་འགན་ལེན་ཐུབ་ངེས་རེད། རྒྱ་ཆེའི་ཐའེ་དབན་གྱི་ཡུལ་མི་དང་ཐའེ་དབན་གྱི་མ་འཇོག་ཁེ་ལས་ཀྱིས་ད་རེས་ཀྱི་དབུ་ཚོགས་གོ་སྐབས་སུ་བྱས་ནས་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྤེལ་རེས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། ཐའེ་དབན་གྱི་གཞོན་ནུ་མེས་རྒྱལ་གྱི་སྐམ་ས་ཆེ་མོར་ཡོང་ནས་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་གཏོད་པ། ཕུགས་འདུན་འགྲུབ་པ་བཅས་བྱས་ཏེ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བློ་སེམས་གཅིག་མཐུན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    དབུ་ཚོགས་ཀྱི་དུས་ཡུན་ཉིན་4ཡིན་པ་དང་། ཆུང་ཐའེ་ཡི་གཞོན་ནུ་ཁེ་ལས་མཁས་ཅན་གྱི་གསར་གཏོད་ལས་གཏོད་ཀྱི་བཞུགས་མོལ་ཚོགས་འདུ་དང་ཧའེ་ནན་གྱི་གྲོང་ཁྱེར་དང་རྫོང་ཁག་གི་རྟོག་ཞིབ་སྤེལ་རེས་སོགས་བྱེད་སྒོ་ཡང་སྤེལ་རྒྱུ་རེད། ད་རེས་ཀྱི་དབུ་ཚོགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་དཔལ་འབྱོར་ཅུས་དང་། ཧའེ་ནན་ཞིང་ཆེན་སྲིད་གཞུང་ཐའེ་དབན་ལས་དོན་གཞུང་ལས་ཁང་། སན་ཡ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།