ཀྲུང་གོའི་འཛད་རྫས་གྲགས་ཅན(ཨོ་སི་ཁྲུ་ལི་ཡ)འགྲེམས་སྟོན་སྐབས་དང་པོ་ཤིས་ཉི་རུ་འགོ་ཚུགས་པ།
འདི་ནི་ཟླ་9ཚེས་26ཉིན་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་འགྲེམས་ཞུགས་པས་འགྲེམས་ཞུགས་ཚོང་པ་དང་སྤེལ་རེས་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་གསུམ་གྱི་ཀྲུང་གོའི་འཛད་རྫས་གྲགས་ཅན(ཨོ་སི་ཁྲུ་ལི་ཡ)འགྲེམས་སྟོན་སྐབས་དང་པོ་ཚེས་26ཉིན་ཤིས་ཉི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཡོད། དེའི་དམིགས་ཡུལ་ནི་ཀྲུང་ཨོ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་དངོས་སྒྲུབ་ཀྱི་ལས་སྟེགས་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་འགྲེམས་ཚོགས་ནི་ཀྲུང་གོ་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་གོའི་ཀྲེ་ཅང་དང་། ཅང་སུའུ། ཧྲང་ཧའེ། ཧྲན་ཏུང་། ཀོང་ཏུང་། ཧྥུའུ་ཅན། ཅང་ཤིས། བོད་ལྗོངས་སོགས་ནས་ཡོང་བའི་གྲགས་ཅན་ཁེ་ལས་400ཙམ་གྱིས་འགྲེམས་ཚོགས་ཐོག་ཐོན་རྫས་བསྟན་ཞིང་། དེ་དག་ཁྱིམ་ཆས་དང་། ཁྱིམ་སྤྱོད་གློག་ཆས་དང་འཛད་སྤྱོད་གློག་རྡུལ་ཐོན་རྫས། སྐྱེད་ཚལ་ཡོ་ཆས་དང་ལུས་རྩལ་གྱི་མཁོ་ཆས། ལག་རྟགས་དང་ཡིག་ཆས། ཕྲུ་གུ་དམར་འབྱར་དང་བྱིས་པའི་མཁོ་ཆས་བཅས་རིགས་ལྔ་ཡི་ཐོན་རྫས་ཡིན་པ་དང་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཟིན་ཡོད།