དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ལས་མཉམ་ལས་རྣམ་གྲངས་718བྱུང་བ།

    མ་དངུལ་འཇོག་ཚད་བསྡོམས་འབོར་སྒོར་དུང་ཕྱུར་3692ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-28

    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་2024ལོའི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་གྱི་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། སྐབས་འདིའི་ཚོགས་ཆེན་ལས་མཉམ་ལས་རྣམ་གྲངས་718བྱུང་བར་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་3692ཟིན་ཞིང་། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་679ཡོད་པར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་3273ཟིན་པ་དེས་རྣམ་གྲངས་ཀྱི་སྤྱི་འབོར་དང་མ་འཇོག་བསྡོམས་འབོར་གྱི་95%དང་89%སོ་སོར་བཟུང་ཡོད་པ་རེད།

    ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁྲང་ཡེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ཚོགས་ཆེན་ཐོག་གཙོ་གནད་ཆེད་དོན་བྱེད་སྒོ་སྣ་ཚོགས་ཐེངས་15སྤེལ་བ་དང་། འགོ་ཚུགས་མཛད་སྒོ་དང་ཆེད་དོན་ཡོངས་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་12སྤེལ་ཞིང་། ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ད་དུང“2024ལོའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་རྩེ་གྲ་500”ཡི་མིང་ཐོ་ཡོངས་བསྒྲགས་ཀྱང་བྱས་པ་རེད།

    ཚོགས་ཆེན་ཐོག་འགྲེམས་ཁུལ་9བཀོད་སྒྲིག་བྱས་པར་ཁྱོན་སྨི་ངོས་གྲུ་ཁྲི་2དང་འགྲེམས་ཞུགས་ཁེ་ལས་451ཡོད་ཅིང་། ཐོན་རྫས་2605འགྲེམས་སྟོན་བྱས་ཡོད་པ་དེའི་ནང་ཕུད་འགྲེམ་ཐོན་རྫས་236ཡོད་པ་རེད། སྐབས་འདིའི་ཚོགས་ཆེན་ནི་སྐབས་རིམ་བྱུང་གི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ཁྲོད་ཚོགས་ཞུགས་རྒྱལ་ཁབ་དང་ས་ཁུལ་གྱི་གྲངས་འབོར་དང་ཕྱི་རྒྱལ་སྐུ་མགྲོན་ཚོགས་འདུར་ཞུགས་པའི་མི་གྲངས་མང་ཤོས་ཀྱི་སྐབས་ཤིག་ཡིན་ལ་རྒྱལ་ཁབ་དང་ས་ཁུལ་41དང་འབྲེལ་བ་ཡོད་ཅིང་། ཚོགས་འདུའི་ཐོག་ད་དུང་སྨི་ངོས་གྲུ་500ཟིན་པའི་རྒྱལ་སྤྱིའི་འགྲེམས་ཁུལ་ཆེད་མངགས་བཙུགས་ཏེ། རྒྱལ་ཁབ་11གི་ཁེ་ལས་གྲགས་ཅན་31དང་ཅ་དངོས་631འགྲེམས་སྟོན་ནང་ཞུགས་ནས་རྒྱལ་སྤྱིའི་འགྲེམས་ཞུགས་གཞི་ཁྱོན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།