དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་ནན་བཤད་གནང་དོན།

    སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་དུ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ནས་བྱང་ཚད་མཐོ་བའི་གསར་འགྱུར་ཁྱབ་སྤེལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-28

    འཕྲིན་ལན།

    ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།

    ཁྱེད་ཚོ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ་70འཁོར་བའི་དུས་འདིར་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ། རྒྱ་ཆེའི་སློབ་གྲོགས་བཅས་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུ་རྒྱུ་ཡིན།

    དུས་རབས་གསར་པའི་རྒྱང་ལམ་གསར་པར་ཁྱེད་ཚོས་སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དགོས་མཁོར་དམིགས་པ་དང་། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་དུ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་གསར་འགྱུར་ཁྱབ་སྤེལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས་ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས།

    2024ལོའི་ཟླ་9ཚེས་25ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ་70འཁོར་བའི་དུས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ། རྒྱ་ཆེའི་སློབ་གྲོགས་བཅས་ལ་རྟེན་འབྲེལ་དང་འཚམས་འདྲི་ཞུས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རྒྱང་ལམ་གསར་པར་ཁྱེད་ཚོས་སྤྱོད་བཟང་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དགོས་མཁོར་དམིགས་པ་དང་། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་དུ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་གསར་འགྱུར་ཁྱབ་སྤེལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ནས་ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་ནི་1954ལོར་བཙུགས་པའི་ཀྲུང་དབྱང་རླུང་འཕྲིན་བྱ་གཞག་ཅུས་ཀྱི་ལག་རྩལ་མི་སྣའི་སྦྱོང་བརྡར་འཛིན་གྲྭ་ཡིན་ཞིང་། 2004ལོར་པེ་ཅིང་རླུང་འཕྲིན་སློབ་གླིང་ནས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་ཞེས་མིང་བསྒྱུར་ཡོད། ཉེ་ཆར་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། སློབ་གྲྭ་བཙུགས་ནས་ལོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སློབ་གཉེར་གྲུབ་འབྲས་སྙན་སེང་ཞུས་པ་དང་ཆབས་ཅིག ཏང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།