དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང(ཨེར་ཧའེ་མཚོ)ལ་སྐུལ་འདེད་གཏོང་བའི་གླེང་སྟེགས་ཀྱི་ཡོ་རོབ་ཀྱི་ཟུར་ཚོགས་བདེ་བླག་ངང་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-27

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར་2024ལོའི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང(ཨེར་ཧའེ་མཚོ)ལ་སྐུལ་འདེད་གཏོང་བའི་གླེང་སྟེགས་ཀྱི་ཡོ་རོབ་ཀྱི་ཟུར་ཚོགས་འཚོགས་ཤིང་། གླེང་སྟེགས་སུ“མཚེའུའི་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས“མཚེའུ་ཡི་སྐྱེ་ཁམས་བཅོས་སྐྱོང་གི་གྲོང་ཁྱེར་གྱི་བློ་གྲོས”དང“ཆུའི་ཐོན་ཁུངས་བཅོས་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”སོགས་ཀྱི་བརྗོད་གཞིའི་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་ཡོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་ལས་ཅན་དང་ས་ཁོངས་རང་བཞིན་གྱི་ལས་སྟེགས་བསྐྲུན་ནས་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།