2024ལོའི་པེར་ལིན་གྱི་ལྕགས་ལམ་འགྲིམ་འགྲུལ་འགྲེམས་སྟོན་བྱེད་འགོ་ཚུགས་པ།
འདི་ནི་འཇར་མན་པེར་ལིན་གྱི་ལྕགས་ལམ་འགྲིམ་འགྲུལ་འགྲེམས་ཚོགས་ཐོག ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་པས(གཡོན)ལྟ་སྐོར་དུ་ཡོང་མཁན་ཚོར་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་ཕྱོགས་བསྡུས་ཞིབ་དཔྱད་ཚད་ལེན་མེ་འཁོར་གྱི་དཔེ་དབྱིབས་ངོ་སྤྲོད་བྱེད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། པེར་ལིན་གྱི་རྒྱལ་སྤྱིའི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པ་དངོས་སུ་ཚོགས་འགོ་ཚུགས་ཤིང་། ཀྲུང་གོའི་ཀྲུང་ཁྲེ་དང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་དང་། དེ་བཞིན་ཧྭ་ཝེ་སོགས་ཚུད་པའི་ཀྲུང་གོའི་ཁེ་ལས་200ཙམ་ཞུགས་ཡོད་པ་རེད།
འགྲེམས་ཚོགས་གཙོ་གཉེར་ཕྱོགས་ཡིན་པའི་པེར་ལིན་འགྲེམས་ཚོགས་ཀུང་སིའི་འགན་འཁུར་བས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། འདི་ལོར་ཀྲུང་གོའི་འགྲེམས་ཞུགས་ཚོང་པའི་གཞི་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་འདུག ཀྲུང་གོའི་ཀྲུང་ཁྲེ་སོགས་ཀྲུང་གོའི་ཁེ་ལས་མང་པོས་རྒྱུན་མཐུད་ཆོག་པའི་ལག་རྩལ་དང་མི་ཐབས་རིག་ནུས་ཀྱི་ཐག་གཅོད་ཇུས་གཞིའི་ཁྱབ་ཁོངས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་འགྲེམས་སྟོན་བྱ་རྒྱུ་རེད་ཅེས་བཤད།