དེ་སྔའི་གྲམ་ཐང་ད་ལྟ་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་གྱུར་པ།
འདི་ནི་སྟོན་ཁར་ལས་དོན་པས་རྟེན་གཞིའི་རྒུན་འབྲུམ་གྱི་སྐྱེ་འཚར་ལ་ལྟ་བཞིན་པ།
འདི་ནི་རྒུན་འབྲུམ་རྟེན་གཞི་དེའི་ཟུར་ཞིག་ཡིན་པ།
ཉེ་བའི་ལོ་ཤས་རིང་། ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲམ་ཐང་བེད་སྤྱོད་གང་ལེགས་བྱས་ནས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བཙུགས་པ་དང་། མིག་སྔའི་བར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་གཙང་པོའི་ངོགས་གཉིས་སུ་རྒྱ་བསྐྱེད་དེ་རྒྱ་ཁྱོན་མུའུ་9000ལྷག་ཟིན་ཡོད་པ་རེད།