ཧྥ་རན་སེས་ཡོ་རོབ་ཀྱི་ཤུལ་བཞག་ཉིན་མོ་སྐབས་41པ་བསུས་པ།
འདི་ལོའི་ཟླ་9ཚེས་21དང་22ཉིན་ནི་ཧྥ་རན་སེའི་ལོ་གཅིག་དུས་གཅིག་གི་ཡོ་རོབ་ཀྱི་ཤུལ་བཞག་ཉིན་མོ་ཡིན་ཞིང་། ཧྥ་རན་སེའི་རིག་གནས་ཤུལ་བཞག་ཁྲི་2ཙམ་ཉིན་དེ་གཉིས་ནང་རིན་མེད་ངང་སྤྱི་དམངས་ལ་གཟིགས་འབུལ་ཞུས་ཡོད། ད་ཆ་ཤུལ་བཞག་ཉིན་མོའི་བྱེད་སྒོ་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་ཁྱབ་ནས་ཡོ་རོབ་ཧྲིལ་པོའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ནི་ཧྥ་རན་སེའི་ཕ་རི་སིའི་ཧྥ་ལན་ཤིས་སློབ་གླིང་དུ་ལྟ་སྐོར་དུ་ཡོང་བའི་མི་རྣམས་བང་སྒྲིག་བཞིན་པ།