དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཞི་བདེར་སྲུང་སྐྱོང་བྱེད། ལས་དབང་གཅིག་ཏུ་སྦྲེལ”ཞེས་པའི་བརྗོད་དོན་གཙོ་བོའི“ཀྲུང་གོའི་ཉིན་མོའི”བྱེད་སྒོ་པ་ཞི་ལི་ཡར་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-26

    ཚེས་23ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱལ་སྤྱིའི་བརྒྱུད་སྤེལ་འཐུས་མི་ཚོགས་པས་པར་ཙིར་གྱི་མཐོ་རིམ་འགོག་སྲུང་ལས་དོན་སློབ་གླིང་དུ“ཀྲུང་གོའི་ཉིན་མོའི”བྱེད་སྒོ་སྤེལ་ཞིང་། པར་ཙིར་གྱི་རྒྱལ་སྲུང་པུའུ་དང་། སྐམ་དམག མཚོ་དམག མཁའ་དམག རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་སྤྱི་ཁྱབ་ཅུས་བཅས་ཀྱི་མཐོ་རིམ་དཔོན་རིགས་དང་། པར་ཙིར་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། པར་ཙིར་དུ་བཅའ་སྡོད་རྒྱལ་ཁབ་མང་པོའི་དྲག་དཔོན་དང་། རྒྱལ་སྤྱིའི་སྨྱན་སྦྱོར། པར་ཙིར་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་བཅས་ཀྱི་འཐུས་མི་ཁྱོན་300ལྷག་ཙམ་ཞུགས་པ་རེད། འདི་ནི་ཟླ་9ཚེས་23ཉིན་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡའི་མཐོ་རིམ་འགོག་སྲུང་ལས་དོན་སློབ་གླིང་དུ་སྤེལ་བའི“ཀྲུང་གོའི་ཉིན་མོའི”བྱེད་སྒོའི་ཐོག་ཡིག་མཁན་གྱིས་སྐུ་མགྲོན་དང་ས་གནས་ས་ཐོག་ཏུ་སྤེལ་རེས་བྱས་པ་དང་འབྲེལ་ཀྲུང་གོའི་ཡིག་གཟུགས་ཀྱང་སྟོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།