དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དབུ་ཚོགས་མོ་སི་ཁོར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-26

    ཉིན་ཤས་གོང་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དབུ་ཚོགས་ཨུ་རུ་སུའི་མོ་སི་ཁོར་འཚོགས་ཤིང་། རྒྱལ་ཁབ་40ལྷག་ཙམ་ནས་ཡོང་བའི་སྨྱན་སྦྱོར་ཚན་པ་60ལྷག་ཙམ་གྱི་འགན་འཁུར་བས“སྣེ་མང་འཛམ་གླིང་གི་བརྟན་ལྷིང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱི་ནུས་པ”ཞེས་པར་དམིགས་ནས་བགྲོ་གླེང་བྱས་ཏེ། སྣེ་མང་འཛམ་གླིང་གི་བརྟན་ལྷིང་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྨྱན་སྦྱོར་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་དང་དྲུང་ཆེ་ཞུས་ཅི་ཅུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།

    འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་དེ་2015ལོར་ཤིན་ཧྭ་གསར་འགྱུར་ཁང་གིས་གྲོས་འགོ་བཏོན་པ་དང་འབྲེལ་པར་ཙིར་དང་། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱི་སྨྱན་སྦྱོར་གཙོ་བོ་དང་མཉམ་དུ་ཐུན་མོང་ཐོག་གཉེར་འགོ་བཙུགས་པ་ཞིག་རེད། མིག་སྔར་ལམ་སྲོལ་དེ་རྒྱུན་རྣམ་ཅན་གྱི་འཕེལ་རྒྱས་བྱུང་སྟེ། འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དབར་གྱི་དངོས་སྒྲུབ་དང་ནུས་ཆེའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ཡོད།

    འདི་ལོ་ཨུ་རུ་སུས་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བཞིན་ཡོད་པས། ཤིན་ཧྭ་གསར་འགྱུར་ཁང་དང་ཐ་སི་གསར་འགྱུར་ཁང་གིས་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་མཐོ་རིམ་གླེང་སྟེགས་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དབུ་ཚོགས་གཉེར་བའི་གྲོས་ཐག་བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།