དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱི་རག་གི་སློབ་མ“ཀྲུང་གོའི་སློབ་གྲྭར”སྤོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-26

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་དབྱི་རག་གི་ལྷོ་རྒྱུད་མུའུ་ས་ནཱ་ཞིང་ཆེན་གྱི་དཔེ་སྟོན་སློབ་གྲྭ་ཞིག་ལས་མཇུག་འགྲིལ་བ་དང་འབྲེལ་རྩིས་ཀྱང་སྤྲད་པ་རེད། འདི་ག་ཚགས་པར་གྱི་དབུས་ཤར་ལྟེ་གནས་ཡན་ལག་ཁང་གི་ཨའོ་མར·ཧ་ལི་ལེས་པར་བརྒྱབ།

    དབྱི་རག་གི་རྒྱལ་ས་པ་ཀ་ཏ་རུ་སློབ་མ་ཚོས་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་དཔེ་སྟོན་སློབ་གྲྭ་ཞིག་ཏུ་སློབ་ཚན་འཚོག་བཞིན་པ། དབྱི་ནཱ་སི·དབྱི་པུའུ་ལ་ཤིན་གྱིས་པར་བརྒྱབ།

    ཟླ་9ཚེས་22ཉིན། དབྱི་རག་ཏུ་སློབ་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་། དབྱི་རག་སྲིད་གཞུང་གིས་སློབ་གྲྭ་དང་སློབ་ཁྲིད་ཀྱི་སྒྲིག་བཀོད་ལ་མ་འཇོག་ཤུགས་ཆེན་བྱས་ནས་2030ལོའི་གོང་དུ་དཔེ་སྟོན་སློབ་གྲྭ་8000གསར་སྐྲུན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་སོགས་ཀྲུང་གོའི་ཁེ་ལས་ཀྱིས་ཁག་དང་པོའི་སློབ་གྲྭ་1000གྱི་སྐྲུན་འགན་འཁུར་བ་དང་སློབ་གྲྭ་དེ་དག་ཁྲོད་ཀྱི་སློབ་གྲྭ་600ལྷག་ཙམ་སྐྲུན་ཟིན་པ་མ་ཟད། དབྱི་རག་ཕྱོགས་ལ་རྩིས་སྤྲད་ནས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སློབ་གྲྭ་དེ་དག་གི་ཇུས་འགོད་དེང་རབས་ཀྱི་ཁྱད་ཉམས་དང་། ནུས་པ་ཆ་ཚང་བ། སྤུས་ཚད་ལེགས་པ་བཅས་ཡོད་པས། དབྱི་རག་གི་མང་ཚོགས་ཚོས་སློབ་གྲྭ་དེ་དག་ལ“ཀྲུང་གོའི་སློབ་གྲྭ”ཞེས་སྙིང་ཉེ་པོས་འབོད་ཀྱི་ཡོད། འཆར་གཞི་ལྟར་ན། འདི་ལོའི་ལོ་མཇུག་ཏུ་ཀྲུང་གོའི་ཁེ་ལས་ཀྱིས་སློབ་གྲྭ་ཚང་མའི་རྩིས་སྤྲོད་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།