དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དར་དམར་གྲོང་ཚོའི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-26

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

    ལྷ་ས་སྐྱིད་ཆུའི་ངོགས་སུ་འགྱིང་ངེར་གནས་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ནི་རྒྱལ་ལམ་318ཀྱི་ཁྲོན་བོད་ལམ་ཐིག་དང་རྒྱལ་ལམ་109ཡི་མཚོ་བོད་ལམ་ཐིག་སྣུར་སྲིང་བྱས་རྗེས་ཀྱི་འབྲེལ་མཚམས་ཤིག་རེད། ཉིན་ཤས་གོང་། ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་དྲན་གསོའི་རྡོ་རིང་དང་བར་ཐག་དེ་ཙམ་རིང་པོ་མེད་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་གྲོང་ཚོར་འབྱོར།

    ད་ཆའི་དར་དམར་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་མ་རྩ་སྒོར་དུང་ཕྱུར་7ཡོད་པ་མ་ཟད། དུད་ཚང་ཚང་མར་ཁང་པ་རླངས་འཁོར་དང་། ཕྲུ་གུ་སློབ་གྲྭར་འགྲོ་བའི་བྱ་དགའ། རྒན་རྒོན་ལ་རྒན་གསོའི་ཕན་བདེ། གྲོང་མིར་ལོ་མཇུག་ཏུ་ཁེ་སྤོགས་བགོ་འགྲེམས་བཅས་ཡོད་པ་རེད།

    འདི་ནི་གྲོང་ཚོ་ཅི་འདྲ་ཞིག་རེད་དམ། གྲོང་མི་ཚོའི་འཚོ་བ་ཇི་འདྲ་ཡོད་དམ། འདྲི་བ་འདི་དག་དང་བཅས་གསར་འགོད་པས་གྲོང་ཚོར་ལྟ་བར་འགྲོ་རྒྱུའི་ཐག་བཅད།

    བློ་ཁོག་ཆེན་པོས་དཀའ་གནད་བསལ་བ།

    ཁ་གསབ་དངུལ་ཕྲན་བུ་ཉར་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།

    “ལམ་གཉིས”ཤར་གཏོང་ཐུབ་མ་ཐག་པའི་དུས་རབས་གོང་མའི་ལོ་རབས་50པར། དར་དམར་གྲོང་ཚོ་གནས་ཡུལ་ནི་ཐང་རྒོད་ནགས་ས་ཞིག་རེད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་དར་དམར་ཀུང་ཧྲེ་བཙུགས།

    1985ལོར་སྒྱུར་བཅོས་ཀྱི་ཚ་རླབས་འཕྱུར་ནས“དར་དམར་ཀུང་ཧྲེའི”ཐོན་སྐྱེད་རུ་ཁག་ལྔ་གྲོང་ཚོ་རེ་རེར་གྱུར་ནས་དར་དམར་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད།

    སྡོད་ས་ནི་ས་ཕག་གི་ཁང་པ་དང་སྐྱོད་ས་ནི་འདམ་བག་གི་ལམ་ཡིན་ཞིང་། རྒྱལ་ཡོངས་ཀྱི་གྲོང་གསེབ་མང་ཆེ་བ་དང་འདྲ་བར་དར་དམར་གྲོང་ཚོའི་གྲོང་མི་ཚོས་ས་ཞིང་སྲུང་སྐྱོང་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། “སྐབས་དེ་དུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་སྒོར་ཁྲི་1ཀྱང་འདོན་ཐབས་བྲལ”ཞེས་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་དཀར་གྱིས་དྲན་གསོ་བྱེད་བཞིན་དུ་བཤད།

    དུས་རབས་21པར་སླེབས་སྐབས། དེ་སྔའི་དར་དམར་ཀུང་ཧྲེའི་རང་བྱུང་གྲོང་ཚོ་5སླར་ཡང་དར་དམར་གྲོང་ཚོར་ཟླ་སྒྲིལ་བཏང་བ་རེད། 2005ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཅིང་། གྲོང་མི་ཚོས“མེ་འཁོར”ལ་བརྟེན་ནས་འཕེལ་རྒྱས་གཏོང་འགོ་ཚུགས།

    ལོ་དེ་ནས་བཟུང་། བོད་ལྗོངས་སློབ་ཆེན་གནས་སྤོ་བྱས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གཞི་ཁྱོན་ཆེན་པོས་ཤར་ཕྱོགས་སུ་སྣུར་སྲིང་བྱས། ས་ཆ་བསྡུ་ལེན་དང་བཤིག་སྤོ་བྱས་པས་དར་དམར་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    ས་ཆ་མུའུ་3000ལྷག་ཙམ་གཞུང་བསྡུ་བྱས་པ་དང་མཉམ་སྡེབ་ཀྱི་དང་ཐོག་མའི་མ་དངུལ་སྒོར་དུང་ཕྱུར་1.2སྤྱད་དེ་དར་དམར་གྲོང་ཚོས་བཀོད་སྒྲིག་ཁང་པ་དང་། ཚོང་སྒྱུར་ཁང་པ། ཞིང་ཟོག་ཁྲོམ་ར། ཚོང་ལས་ཐོག་ཁང་། ཕྱོགས་བསྡུས་ཐོག་ཁང་སོགས་བསྐྲུན་པས་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་ཡོད་པ་རེད།

    གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་བསྟུན་ནས་གྲོང་མི་མི་ཉུང་བ་ཞིག་གིས་འཕྲུལ་ཆས་དང་རླངས་འཁོར་ཉོས་པ་དང་དེ་རྗེས་དར་དམར་གྲོང་ཚོས་སྐྱེལ་འདྲེན་མཉམ་ལས་ཁང་བཙུགས་ཤིང་། པ་སངས་ཚེ་རིང་གིས་རླངས་འཁོར་རུ་ཁག་གི་རུ་དཔོན་བྱས་པའི་གྲོང་མི་བཅུ་ཕྲག་ཁ་ཤས་ཀྱིས་ཟོག་འདྲེན་རླངས་འཁོར་དང་། བླུགས་འཁོར། རྐོ་འདྲུའི་འཕྲུལ་འཁོར་བཅས་བཏང་སྟེ“ཚང་མས་ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད”

    2017ལོ་ནས་2019ལོའི་བར། དར་དམར་གྲོང་ཚོར་འཛུགས་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བའི་སྐབས་སུ་མཉམ་ལས་ཁང་དུ་རླངས་འཁོར་90ཡོད་པ་རེད། “ཟོག་འདྲེན་རླངས་འཁོར་རེར་ལོ་ལྟར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་དང་རྐོ་འདྲུའི་འཕྲུལ་འཁོར་ལ་དེས་ཚད་ཀྱི་མེད་དེ་ཡོང་འབབ་སྒོར་ཁྲི་60ཟིན་གྱི་ཡོད”ཅེས་པ་སངས་ཚེ་རིང་གིས་བརྗོད།

    2019ལོར་སླེབས་སྐབས་དར་དམར་གྲོང་ཚོས་སྐབས་དེ་དུས་ཉར་བའི་ཁ་གསབ་དངུལ་ཚང་མ་གྲོང་མི་ཚོར་ཕྱིར་སློག་པ་རེད།

    སླར་ཡང་འཚོལ་ཞིབ་བྱས་པ།

    ཐབས་བརྒྱ་ཇུས་སྟོང་གིས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་བ།

    དར་དམར་གྲོང་ཚོའི་དཔེ་སྟོན་འོག ལྷ་ས་གྲོང་ཁྱེར་གྱི“ཤར་ལ་སྣུར་སྲིང་བྱེད་པ་དང་། ནུབ་ལ་རྒྱ་སྐྱེད་གཏོང་བ། ལྷོ་ལ་བརྒལ་བ”བཅས་འབྲེལ་བ་ཡོད་པའི་ས་ཆར་སྟོབས་ཤུགས་གཅིག་སྡུད་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་འགོ་ཚུགས།

    དར་དམར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གནད་དོན་གཞན་ཞིག་ལ་བསམ་བློ་གཏོང་འགོ་བཙུགས་པ་སྟེ། གཏན་འཇགས་རྒྱུ་ནོར་བོགས་མར་གཏོང་བ་ཁོ་ནར་བརྟེན་པ་དེ་ཕུགས་གཏན་མེད་ན་ག་ལ་འགྲིག་གམ། 2018ལོར་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་དངུལ་དངོས་གཙང་བཤེར་བྱས་པ་བརྒྱུད། དར་དམར་གྲོང་ཚོར་བོགས་དངུལ་མི་རག་པའི་ཉེན་ཁ་འཕྲད་ཉེན་ཡོད་པ་ཤེས་རྟོགས་བྱུང་།

    ཐོན་ཁུངས་བཀོད་སྒྲིག་སྔར་བས་ལེགས་སུ་ཇི་ལྟར་གཏོང་རྒྱུ་དེ་གྲོང་ཚོའི“ཨུ་ལྷན་གཉིས”ལ་འཕྲད་པའི་གནད་དོན་གསར་པ་ཞིག་ཏུ་གྱུར་ཡོད།

    2021ལོར་པ་སངས་དོན་གྲུབ་ཀྱིས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རེས་སྐོར་གསར་པའི་འཚོལ་ཞིབ་བྱེད་འགོ་ཚུགས། དང་ཐོག་དར་དམར་གྲོང་ཚོས་མཉམ་སྡེབ་ཀྱི་གཏན་འཇགས་རྒྱུ་ནོར་ཚད་འབེབས་བྱས་ཏེ་ཐོག་མའི་མ་རྐང་དང་། ལེགས་སྐྱེས་མ་རྐང་། ཁོངས་མིའི་མ་རྐང་བཅས་སུ་དབྱེ་ནས་རྒྱུ་ནོར་དག་མ་རྐང་411ལ་བགོས་ཏེ་དེ་སྔའི་ས་ཆ་ཤོར་བའི་གྲོང་མིའི་ཁྱིམ་ཚང་ལ་སྤྲད་པ་དང་། གཉིས་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་ཚོང་ཁང་50ལྷག་ཙམ་དེ་སྔའི་ས་ཆ་ཤོར་བའི་གྲོང་མིའི་ཁྱིམ་ཚང་ལ་བགོས་པ་དེ་གྲོང་མིས་རང་མོས་ངང་བོགས་མར་གཏོང་བའམ་ཡང་ན་གཉེར་སྐྱོང་བྱེད་ཆོག མཇུག་ཏུ་གྲོང་ཚོའི་མཉམ་སྡེབ་ཀྱིས་གཉེར་སྐྱོང་དོ་དམ་ཀུང་སི་གཉིས་བཙུགས་ནས་གཏན་འཇགས་རྒྱུ་ནོར་ཁག་གཅིག་སོ་སོས་གཉེར་བའི་མགྲོན་ཁང་དང་ཇ་ཁང་དུ་སྤྱད་པ་མ་ཟད། ད་དུང་གྲོང་ཚོ་དེ་གའི་སློབ་གྲྭ་ཆེ་མོ་བ་10ལྷག་ཙམ་བསྡུས་ནས་ཁོང་ཚོར་ཁྱིམ་གྱི་སྒོ་རྩར་ལས་ཞུགས་བྱེད་རོགས་བྱས་པ་དང་འབྲེལ་གྲོང་ཚོ་ཨུ་ལྷན་ལ་རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་ཡང་བྱས་པ་རེད།

    ད་ཆ་དར་དམར་གྲོང་ཚོའི་གཏན་འཇགས་རྒྱུ་ནོར་དེ་གྲོང་ཚོའི་མཉམ་སྡེབ་ལ་དབང་བ་ནས་གྲོང་མིར་དབང་བར་བསྒྱུར་བ་དང་གྲོང་ཚོའི་མཉམ་སྡེབ་ཀྱིས་ཚབ་གཉེར་གྱི་འགན་འཁུར་གྱི་ཡོད། ལོ་མཇུག་ཏུ་ཁེ་སྤོགས་བསྡོམས་འབོར་གྱི་30%ཙམ་འཐེན་རྗེས་ཀུང་སིའི་གཉེར་སྐྱོང་མ་གནས་ཐད་སྤྱད་པ་དང་དེ་བྱིངས་ཚང་མ་གྲོང་མིའི་ཁེ་སྤོགས་དང་ཕན་བདེའི་ཐད་སྤྱད་པ་རེད། “ན་ནིང་རྣམ་གྲངས་འཛུགས་སྐྲུན་ལ་མ་འཇོག་བྱས་པ་ཕུད། གྲོང་མི་500ལྷག་ཙམ་ལ་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་1.4བགོ་བཤའ་བརྒྱབ་ཡོད”ཅེས་པ་སངས་དོན་གྲུབ་ཀྱིས་བརྗོད། དེས་མ་ཚད་གྲོང་ཚོས་ད་དུང་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་འགྲོ་གྲོན་སྤྲོད་ཅིང་ལོ་ལྟར་ལོ་60ཡན་གྱི་རྒན་རྒོན་ལ་སྒོར་2000ནས་3000བར་གྱི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད།

    ཚོང་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་ཆབས་ཅིག་དར་དམར་གྲོང་ཚོའི་ཚོང་གཉེར་ཡོང་འབབ་ཀྱང་མུ་མཐུད་མང་དུ་འགྲོ་བཞིན་ཡོད། པ་སངས་དོན་གྲུབ་ཀྱིས“འདི་ལོའི་ལོ་མཇུག་ཏུ་མི་རེའི་ཆ་སྙོམས་ཁེ་སྤོགས་བགོ་བཤའ་སྒོར་ཁྲི་2ཟིན་རྒྱུ་རེད”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།

    འབྱུང་འགྱུར་གྱི་སྐོར་གླེང་སྐབས་པ་སངས་དོན་གྲུབ་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ནུས་ཤུགས་ཡོད་རྒུས་ཀུང་སི་གཉེར་སྐྱོང་ཡག་པོ་བྱས་ནས་བོགས་མར་གཏོང་མེད་པ་དང་། བོགས་མར་གཏོང་རྒྱུར་ལུས་པ། བོགས་མར་གཏོང་དཀའ་བ་བཅས་ཀྱི་གཏན་འཇགས་རྒྱུ་ནོར་ཚང་མ་བེད་སྤྱོད་གཏོང་ཐུབ་པར་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་ཁེ་སྤོགས་བགོ་བཤའ་སླར་ཡང་ལྡབ་འཕར་ཡོང་བའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།