དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཁོང་ཀོ(པུའུ)རུ་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ཀ་པོན་དུ་སྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོང་ཀོ(པུའུ)ཡི་ཧེ་ཅའོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ“ཞི་མཐུན་གྱི་འགན་འཁྲི-2024”ཡི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཁོང་ཀོ(པུའུ)ཡི་ཧེ་ཅའོ་གྲུ་ཁ་ནས་དལ་བུར་ཐོན་ཏེ་ཁོང་ཀོ(པུའུ)རུ་སླར་ཡང་འཚམས་འདྲི་བྱེད་པའི་ལས་མཇུག་འགྲིལ་བ་རེད།

    དུས་ཡུན་ཉིན་7གྱི་འཚམས་འདྲི་བྱེད་རིང་། “ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་རིམ་རྩིས་བྱས་ན་མི་ཐེངས་4450ལ་སྨན་བཅོས་བྱས་ཤིང་། མི་ཐེངས་2300ལྷག་ཙམ་ལ་གཞོགས་འདེགས་ཞིབ་བཤེར་བྱས་པ་དང་གཤགས་བཅོས་ཐེངས་127བདེ་བླག་ངང་བྱས་ཡོད།

    ཁོང་ཀོ(པུའུ)ནས་ཁ་བྲལ་རྗེས“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཀྱིས་འཆར་གཞི་ལྟར་ད་ཐེངས་ཀྱི་ལས་འགན་སྒྲུབ་ཡུལ་འབབ་ཚུགས་བརྒྱད་པ་ཀ་པོན་དུ་སྐྱོད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།