དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འབྱུང་འགྱུར་ནུས་རྒྱུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཉིའུ་གཡོད་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-25

     ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྱུང་འགྱུར་དབུ་ཚོགས་མ་འཚོགས་གོང་དུ“འབྱུང་འགྱུར་ནུས་རྒྱུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཨ་རིའི་ཉིའུ་གཡོད་དུ་སྤེལ་བ་དང་འབྲེལ《འབྱུང་འགྱུར་ནུས་རྒྱུའི་བསྒྲགས་གཏམ》ཡང་བཀྲམ་ཡོད། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཁག་གིས་འཛམ་གླིང་གི་ནུས་རྒྱུའི་འཕོ་འགྱུར་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་སྤེལ་གཏོང་བར་སྐུལ་འདེད་གཏོང་ཆེད་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པའི་གོ་ལ་ཧྲིལ་པོའི་ནུས་རྒྱུ་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཐག་གཅོད་ཇུས་གཞིའི་དྲ་རྒྱས་མཉམ་དུ་སྤེལ་བ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།