འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བྱང་སྐར་སྤུན་བདུན་གྱི་མཁའ་དཔྱད་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ།
གསར་འགོད་པར་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ས་བབ་སྨི་4706ཡོད་པའི་བོད་རང་སྐྱོང་ལྗོངས་དཔལ་མགོན་རྒྱལ་ཁབ་གཞི་རྩའི་གནམ་གཤིས་ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱིས་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་མཁའ་དཔྱད་ལྒང་བུ་ཐོག་མ་བདེ་བླག་ངང་གློད་པ་དེ་ཐོག་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བྱང་སྐར་སྤུན་བདུན་གྱི་མཁའ་དཔྱད་དང་མཁའ་དབྱིངས་གནམ་གཤིས་བརྟག་དཔྱད་ས་ཚིགས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་མཚོན་ཡོད།
བྱང་སྐར་སྤུན་བདུན་གྱི་མཁའ་དཔྱད་ས་ཚིགས་སྤྱོད་འགོ་ཚུགས་རྗེས། ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་དེ“ས་ངོས་དང་མཁའ་དབྱིངས་ཟུང་དུ་འབྲེལ་བའི”མཐུན་སྦྱོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ལ་ཐོག་མར་གྱུར་ནས། བྱང་ཐང་གི་མཁའ་དབྱིངས་གནམ་གཤིས་ཀྱི་གྲངས་གཞིའི་དཔྱད་གཞིའི་སྟོང་ཆ་ནུས་ལྡན་ངང་གསབ་རྒྱུ་རེད། དེས་བོད་ཀྱི་མཁའ་དབྱིངས་འཚོལ་ཞིབ་ཐིག་ལེན་ས་ཚིགས་དྲ་བའི་ཚགས་དམ་ཚད་དང་འཚོལ་ཞིབ་ཐིག་ལེན་གྲངས་གཞི་ཐིག་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་མ་ཟད། སྔོན་བརྡ་ཐིག་ཚད་མཐོ་རུ་ཕྱིན་ཏེ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འགན་ལེན་བྱ་རྒྱུར་ཚན་རིག་དང་མཐུན་པའི་གྲངས་གཞི་མཁོ་འདོན་ཐུབ་རྒྱུ་རེད།