དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁུན་ཧྲན་དུ་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

    འདི་ནི་འཁྲབ་སྟོན་པ་ཚོས་སྲོལ་རྒྱུན་གྱི་ལྷ་མོ《འགྲོ་བ་བཟང་མོ》འཁྲབ་པའི་རྣམ་པ་ཡིན་པ།

    ཉེ་ཆར། རིག་གནས་ཡུལ་སྐོར་པུའུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ཟློས་གར་བརྒྱ་གྲངས(ཁུན་ཧྲན)རིམ་སྤེལ་བྱེད་སྒོ་གཟབ་རྒྱས་སུའུ་ཀྲོའུ་གྲོང་ཁྱེར་ཁུན་ཧྲན་གྲོང་ཁྱེར་དུ་སྤེལ་བ་དང་། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་ཁུན་ཧྲན་དུ་བསྐྱོད་དེ་འཁྲབ་སྟོན་བྱེད་སྒོར་ཞུགས་པ་རེད།

    གར་སྟེགས་སུ་འཁྲབ་སྟོན་པ་ཚོས་འཁྲབ་ཆས་དང་མཚོན་རྟགས་རང་བཞིན་ལྡན་པའི་འབག་གྱོན་ཐོག་སྙན་ཞིང་འཇེབས་པའི་གཞས་གདངས་དང་བྱང་ཆུབ་པའི་འཁྲབ་རྩལ་ལ་བརྟེན་ནས་ལྟད་མོ་བ་ཚོ་ལྷ་མོའི་སྒྱུ་རྩལ་གྱི་ཞིང་ཁམས་སུ་ཁྲིད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།