དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དུས་དང་རྣམ་པ་ཀུན་ཏུ“ལྕེ་ཐོག་གི་བདེ་འཇགས”སྲུང་བར་གཞོལ།

    —— ཆབ་མདོ་གྲོང་ཁྱེར་གྱིས་བཟའ་བཏུང་ལས་རིགས་ཀྱི་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

    བཟའ་བཅའི་བདེ་འཇགས་ཀྱི་ཁོར་ཡུག་སྔར་བས་གཙང་སེལ་དང་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཚོགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཏུང་ཞབས་ཞུའི་ཚན་པའི“མིང་ཐོ་དམར་པོ་དང་ནག་པོ”མུ་མཐུད་བཏོན་ཏེ་འབྲེལ་ཡོད་ཟ་ཁང་གི་མིང་དང་། ས་གནས། བཟའ་བཏུང་འཕྲོད་བསྟེན་གང་འདྲ་ཡོད་མེད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་པས། ཟ་ཁང་གི་འཕྲོད་བསྟེན་ཡག་ཉེས་བལྟས་པ་ཙམ་གྱིས་གསལ་པོ་ཤེས་ཀྱི་ཡོད་པ་རེད། དེ་བཞིན་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་ཟ་ཁང་ལ་དུས་བཀག་ནང་དག་ཐེར་ཡོ་བསྲང་དང་གཙོ་གནད་ཐོག་ལྟ་འདོམས་བྱེད་དགོས་པའི་བཀའ་བཏང་བར་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་རེད།

    ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁོའོ་ཡི་ཁོའོ་ཀྲང་དབྱང་ཅུན་གྱིས“འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁུལ་དུ‘མིང་ཐོ་དམར་པོ་དང་ནག་པོ’ཐེངས་3ཁྱབ་བསྒྲགས་བྱས་པའི་ཁར་རྫོང་ཁག་གིས་ཁྱབ་བསྒྲགས་བྱས་པ་བསྡོམས་ན་ཁྱོན་ཁྱབ་བསྒྲགས་ཐེངས་25བྱས་ཡོད། ‘མིང་ཐོ་དམར་པོ་དང་ནག་པོ’དུས་བཀག་ལྟར་ཁྱབ་བསྒྲགས་དང་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་ནུས་པ་དེ་བས་ལེགས་པ་ཐོན་ནས་ཁ་དན་ཚིག་ལ་གནས་མཁན་ལ་ཕན་པ་ཐོབ་པ་དང་ཡིད་རྟོན་ཤོར་མཁན་ལ་ཆད་པ་ཕོག་པའི་ལྕག་སྐུལ་ཚོད་འཛིན་ལམ་སྲོལ་ཆགས་ཐུབ”ཅེས་ངོ་སྤྲོད་བྱས་པ་རེད།

    བཟའ་བཏུང་ཚན་པའི་བཟའ་བཅའི་བདེ་འཇགས་ཀྱི‘མིང་ཐོ་དམར་པོ་དང་ནག་པོ’ཁྱབ་བསྒྲགས་བྱེད་པ་དེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་བཟའ་བཏུང་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱས་ནས། མང་ཚོགས་ལ་སྟབས་བདེ་དང་བློ་བདེའི་ཁ་ལག་བཟའ་རྒྱུ་ཡོང་བར་བྱེད་པའི་བྱ་ཐབས་ཤིག་རེད། འདི་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱ་ཆེའི་སློབ་མའི་བཟའ་བཏུང་བདེ་འཇགས་འགན་ལེན་བྱས་དང་བྱེད་བཞིན་ཡོད།

    གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ཏེ། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་གྱིས་རྒྱུན་གཏན་གྱི་ལྟ་འདོམས་དང་ཆེད་དོན་བཅོས་སྒྲིག་དམ་འཛིན་མཐའ་འཁྱོངས་དང་། བཟའ་བཏུང་ལས་རིགས་ཀྱི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་གྲལ་བཤེར་བྱེད་པ། བཟའ་བཏུང་ཁྲོམ་ར་སྐྱོན་བྲལ་དང་གོ་རིམ་ལྡན་པ་ཡོང་བར་བྱེད་པ། འཛད་སྤྱོད་པའི་ལྕེ་ཐོག་གི་བདེ་འཇཌ་སྲུང་བའི་དྲ་བ་བརྟན་པོ་སྐྲུན་པ་བཅས་བྱས་ནས་བཟའ་བཅའི་བདེ་འཇགས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།