དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲན་ཏུང་ཅིན་པའོ་ཚོཌ་པའི་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་རྣམ་གླིང་རྫོང་དུ་གཞིས་ཆགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

     ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ས་གནས་གཉིས་ཀྱིས་ཐུན་མོང་འབད་བརྩོན་བརྒྱུད། ཧྲན་ཏུང་ཅིན་པའོ་ཚོགས་པས་མ་འཇོག་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཏེ། བོད་ལྗོངས་བོད་ལུའུ་གླིང་ཁ་རིག་གནས་ཚད་ཡོད་ཀུང་སི་རྣམ་གླིང་རྫོང་དུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    རྣམ་གྲངས་དོན་འཁྱོལ་བྱས་རྗེས། ཧྲན་ཏུང་ཅིན་པའོ་ཚོགས་པས་རང་ངོས་ཀྱི་ཐོན་ལས་འཁོར་འབྲེལ་དང་ལས་རྣམ་གྱི་ཐོན་ཁུངས་ལ་བརྟེན་ནས་རྣམ་གླིང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་འོས་སྦྱོར་ངོ་སྤྲོད་ཤུགས་ཆེན་བྱས་ཡོད། དེ་དང་ཆབས་ཅིག་གསོ་སྦྱོང་སོཌ་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་རྣམ་གླིང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཁྱད་ལྡན་ཉར་ཚགས་དངོས་རྫས་ཧྲན་ཏུང་དང་རྒྱལ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཝུའེ་ཧྥང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་རྣམ་གླིང་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་བོད་སྐྱོར་གྱི་ཤུགས་རྒྱག་ས་གཙོ་བོར་བྱས་ཏེ། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་དང་གནད་སྨིན་འབྲེལ་མཐུད་བྱས་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་དང་། ཐོན་ལས་གསར་སྤེལ་དང་སྐྱེད་སྲིང་ལ་ཤུགས་སྣོན། ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད། མཉམ་ལས་མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། རྣམ་གླིང་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྒུལ་ཤུགས་གསར་པ་བསྣན་པ་དང་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།