དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་སྨད་རྫོང་དབང་སྐྱོན་ལྷན་ཚོགས་ཀྱིས།དབང་པོ་སྐྱོན་ཅན་གྱི་འགྲོ་བདེའི་སྒྱུར་བཀོད་རྣམ་གྲངས་ལ་སྐུལ་འདེད་གནད་སྨིན་བཏང་བ།འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ།མཚོ་སྨད་རྫོང་གི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་ཐབས་ལེགས་སུ་ཏན་ཏིག་གཏོང་ཆེད།འདི་ལོའི་ཟ

    དབང་པོ་སྐྱོན་ཅན་གྱི་འགྲོ་བདེའི་སྒྱུར་བཀོད་རྣམ་གྲངས་ལ་སྐུལ་འདེད་གནད་སྨིན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

     མཚོ་སྨད་རྫོང་གི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་ཐབས་ལེགས་སུ་ཏན་ཏིག་གཏོང་ཆེད། འདི་ལོའི་ཟླ་6པ་ནས་བཟུང་། མཚོ་སྨད་རྫོང་གི་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་འགྲོ་བདེའི་སྒྱུར་བཀོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཉེ་ཆར། མཚོ་སྨད་རྫོང་དབང་སྐྱོན་ལྷན་ཚོཌ་ཀྱིས་ཉིན་ལྔ་ཡི་རིང་རྫོང་ཁོངས་ཀྱི་ཆ་རྐྱེན་འཛོམས་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་10ལ་འཚམས་འདྲིར་བསྐྱོད་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་ཁོང་ཚོའི་དགོས་མཁོར་ཚོད་སྐོར་བྱས་ཡོད།

    བརྟག་དཔྱད་ཚོགས་ཆུང་གིས་དབང་པོ་སྐྱོན་ཅན་དང་་ཁོང་ཚོའི་ཁྱིམ་མིར་འབྲེལ་གཏུག་དམ་ཟབ་བྱས་པས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་གནས་སྟངས་དང་ཁོང་ཚོའི་རྒྱུན་གཏན་འཚོ་བར་འཕྲད་པའི་འགོག་རྐྱེན་དང་དགོས་མཁོར་རྒྱུས་ལོན་ཟབ་མོ་བྱུང་ནས། སྒྱུར་བཀོད་ལས་དོན་གནད་སྨིན་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་ངེས་ཅན་ཐུབ་ཡོད་པ་རེད།

    བརྟག་དཔྱད་ཚོགས་ཆུང་གིས་དབང་པོ་སྐྱོན་ཅན་དང་ཁོང་ཚོའི་ཁྱིམ་མིའི་བསམ་འཆར་དང་གྲོས་འགོ་ཧུར་ཐག་ཉན་ཏེ། གོམ་སྟབས་རྗེས་མར་ཇུས་གཞི་ལེགས་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་དུད་ཚང་སོ་སོར་སྒེར་གྱི་ཁྱད་ཆོས་ལྡན་པའི་སྒྱུར་བཀོད་ཇུས་གཞི་རགས་ཙམ་བཟོ་རྒྱུ་ཡིན་ཚུལ་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།