ས་གནས་ཁག་གིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐེངས་གསུམ་སྟོང་ལྷག་ཙམ་སྤེལ་བ།
འདི་ནི་ཟླ་9ཚེས་22ཉིན་ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་ལུང་ལིན་རྫོང་ལུང་ཅང་ཤང་ནས་པར་བླངས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བདུན་པའི་ཡུན་ནན་ཞིང་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
འདི་ནི་ཧོ་ནན་ལན་ཁའོ་རྫོང་དུ་གཉེར་བའི་2024ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྒྱལ་ཡོངས་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོའི་ས་གནས་ས་ཐོག་གི་ཚོང་འདུས་ཐོག་ཡུལ་མིས་ལོ་ལེགས་ཀྱི་དགའ་སྤྲོ་མཉམ་སྤྱོད་བྱེད་བཞིན་པ།
འདི་ནི་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཐུང་ཧྲུན་ཁྲོམ་གཞུང་སློབ་ཆུང་གི་སློབ་མ་སོ་ནམ་གྱི་སྤྲོ་འཕེལ་ལུས་རྩལ་བྱེད་སྒོར་ཞུགས་བཞིན་པ།
འདི་ལོ་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བདུན་པ་དེ་ཡིན་ཞིང་། ལོ་ལེགས་དུས་ཆེན་དེ“‘ཁྲི་སྟོང་འདུ་འགོད’ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཏང་ནས་ལོ་ལེགས་བྱུང་བའི་ཀྲུང་གོར་བསྔགས་བརྗོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། རྒྱལ་ཡོངས་ས་གནས་ཁག་གིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐེངས་3000ལྷག་ཙམ་སྤེལ་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་མི་ཐེངས་དུང་ཕྱུར་བྱེད་སྒོའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ་སྤྱི་ཚོགས་ཡོངས་ཀྱིས་ཞིང་ལས་ལ་དོ་ཁུར་དང་། གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཟིགས་སྐྱོང་བཅས་བྱེད་པའི་རྣམ་པ་ཟབ་མོ་བཏོད་ཡོད།