དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་གྱིས་བོད་ལྗོངས་དང་ཤིན་ཅང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། གསར་འགོད་པར་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་བོད་ལྗོངས་དང་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས་ཀྲུང་དབྱང་ནོར་སྲིད་ཀྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་མ་དངུལ་སོགས་མ་དངུལ་སྣ་ཚོགས་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་བོད་ལྗོངས་དང་། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར། མཛེས་མཐུན་གྲོང་སྡེ་འཛུགས་སྐྲུན། མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སོགས་ཀྱི་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱས་ནས་ས་གནས་དེ་གའི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་རམ་འདེགས་བྱས་ཡོད་པ་རེད།

    མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་ཀྱིས“མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་འཆར་གཞི”དང“མི་རིགས་ཁག་གི་མང་ཚོགས་མཐུན་འཕྲོད་རྣམ་པའི་འཕེལ་རྒྱས་འཆར་གཞི”“ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི”སོགས་ལག་ལེན་གཏིང་ཟབ་བསྟར་ཏེ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་རོལ་བཅས་ལ་སྐུལ་འདེད་བཏང་ཡོད། མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཐད། ལོ་5ཡི་རིང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་མི་རིགས་ལས་དོན་སྡེ་ཚན་གྱིས་བོད་ལྗོངས་དང་ཤིན་ཅང་ལ་ཤེས་ལྡན་ལས་བྱེད་པ་མི་ཐེངས་5300ཙམ་གསོ་སྦྱོང་བྱེད་རོགས་བྱེད་པ་དང་། བོད་ལྗོངས་དང་ཤིན་ཅང་གི་མི་རིགས་ལས་དོན་སྡེ་ཚན་གྱི་ལས་བྱེད་པ་མི་ཐེངས་7500ཙམ་གྱི་སློབ་སྦྱོང་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། ལས་བྱེད་པ་མི་ཐེངས་1900ལྷག་ཙམ་གྱི་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་ཁུལ་གཉིས་ཀྱི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམིགས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ་རིག་གནས་བོད་སྐྱོར་དང་རིག་གནས་ཤིན་སྐྱོང་ཐད་ཐབས་ཇུས་ངོ་མ་འདོན་པ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་པའི་དམངས་འཚོའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ལྗོངས་དང་ཤིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།