དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོར་ཤིང་འབྲས་དང་སྔོ་ཚལ་སྐྱེ་འཚར་བཟང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-24

    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལས་བརྒལ་བའི་དབང་གིས“མཁའ་དབྱིངས་ཀྱི་གྲོང་ཁྱེར”ཞེས་བརྗོད་ཀྱི་ཡོད། འདས་ཟིན་པའི་དུས་ཡུན་རིང་པོའི་ནང་ས་བབ་མཐོ་བའི་ས་ཁུལ་དུ་ཤིང་འབྲས་དང་སྔོ་ཚལ་འདེབས་རྒྱུར་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། 2016ལོ་ནས་བཟུང་། ལི་ཐང་རྫོང་གིས་དེང་རབས་ཞིང་ལས་གླིང་འཛུགས་སྐྲུན་དང་དེ་བཞིན་ས་མེད་འདེབས་འཛུགས་སོགས་ཀྱི་གྲངས་འཛིན་ཞིང་ལས་ལག་རྩལ་ནང་འདྲེན་བྱས་པ་དང་བསྟུན་ནས་དེ་གར“གླིང་སྣེའི་ཤིང་འབྲས་དང་སྔོ་ཚལ”བཏབ་ཐུབ་ཡོད། 2023ལོའི་ལོ་མཇུག་ཏུ་གླིང་ཁུལ་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.2ཟིན་པ་དང་ཞིང་པའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་2408ཟིན་ཡོད་ཅིང་། འདི་ནི་ཉིན་ཤས་གོང་ལི་ཐང་རྫོང་གི་དེང་རབས་ཞིང་ལས་གླིང་ཁུལ་ནས་པར་བརྒྱབ་པའི་རིག་ལྡན་ཞིང་ལས་ས་མེད་འདེབས་འཛུགས་ཁང་དུ་བཏབ་པའི་ཀྲོ་མ་ཀྲུ་ཆུང་ཆུང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།