དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རེ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-23

    འདི་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅའོ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཤིག་གནམ་ཐང་གི་སྤྲིན་ཟམ་རྒྱུག་ལམ་དུ་རྒྱུག་བཞིན་པ།(ཝང་ཧྭ་ཡིས་པར་བླངས)

    ཀྲུང་གོའི་མཁའ་འགྲུལ་ལས་རིགས་འདི་ལོ་མངོན་གསལ་དོད་པོས་སླར་གསོ་བྱུང་བ་དང་རྒྱལ་ནང་དུ་ཡུལ་སྐོར་བྱེད་ཚད་ཏོག་གསར་རིམས་ནད་གོང་གི་ཆུ་ཚད་ལས་བརྒལ་ཡོད་པ་དང་སྔོན་དཔག་བྱས་ན་འདི་ལོ་ཀྲུང་གོའི་མཁའ་འགྲུལ་ཡུལ་སྐོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད། ཀྲུང་གོའི་གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.5ཟིན་པ་དེ་དུས་མཚུངས་ལས་23.5%འཕར་ཡོད། རྒྱལ་ནང་གི་དགོས་མཁོའི་སྐུལ་འདེད་འོག་འདི་ལོ་ཀྲུང་གོའི་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རེ་ཡོད།

    ཚོང་དོན་དང་འགྲུལ་བཞུད་སླར་གསོ་བྱུང་བ་དང་བསྟུན་ནས་གནམ་ཐང་དུའང་བྲེལ་བརྩོན་ཆེ་རུ་སོང་ཡོད། ཉེ་ཆར་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གི་གཞུང་དོན་གནམ་གྲུའི་ཁང་ཆེན་གྱི་རྒྱལ་སྤྱིའི་བགྲོད་ལམ་དང་དེ་བཞིན་གཞུང་དོན་གནམ་གྲུ་ཉམས་བཟོའི་འཁོར་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ད་ཐེངས་སྤྱོད་འགོ་ཚུགས་པའི་གཞུང་དོན་གནམ་གྲུ་ཉམས་བཟོའི་འཁོར་ཁང་ནང་ཉམས་བཟོའི་ཁུལ་གཙོ་བོ་དང་ཞོར་གཏོགས་ཁང་ཚུད་ཡོད་པ་དང་ཁྱོན་སྨི་ངོས་གྲུ་7000ལྷག་ཙམ་ཡོད། དེའི་ནང་ཉམས་བཟོའི་ཁུལ་གཙོ་བོར་སྨི་ངོས་གྲུ་5000ཙམ་ཡོད་པ་དང་དེར་གཞུང་དོན་གནམ་གྲུ་ཆེ་གྲས་དང་འབྲིང་གྲས་གསུམ་དུས་གཅིག་ཏུ་ཉམས་བཟོ་བྱེད་ཆོག་གི་ཡོད། པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནི་ཀྲུང་གོའི་རྒྱལ་སྤྱིའི་གནམ་ཐང་གསར་ཤོས་ཤིག་ཡིན་པ་དང་དེའི་འཛུགས་སྐྲུན་གྱི་དམིགས་ཚད་ནི་འཛམ་གླིང་ཐོག་གི་ལས་བྲེལ་ཆེ་ཤོས་ཀྱི་གནམ་ཐང་གི་གྲས་སུ་འགྱུར་རྒྱུ་དེ་རེད།

    —— སིང་ཀ་ཕོར་ཨེ་ཤེ་ཡ་གསར་འགྱུར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།