དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད”

    —— ཐན་ཙན་ནི་ཡའི་སང་ཀི་པར་གྱི་ཙུང་ཐུང་མུའུ་ཝུའེ་ཉི་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཝེ་ཤིན།   |     སྤེལ་དུས།  2024-09-23

    ཐན་ཙན་ནི་ཡའི་སང་ཀི་པར་གྱི་ཙུང་ཐུང་ཧོ་སའེ་དབྱིན·ཨ་ལི·མུའུ་ཝུའེ་ཉིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ལོ་མང་རིང་ཀྲུང་གོས་ཐན་ཙན་ནི་ཡ་དང་དེ་བཞིན་ཨ་ཧྥེ་རི་ཁའི་ས་ཁུལ་ཧྲིལ་པོའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་བློ་སྒོ་གལ་ཆེན་ཕྱེ་ཡོད་ཅེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅིང་། 2013ལོར་ཨ་ཧྥེ་རི་ཁར་འཚམས་འདྲི་གནང་རིང་ཨ་ཧྥེ་རི་ཁར་ཕྱོགས་པའི་ལྷག་བསམ་ཟོལ་མེད་ཀྱི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་བཏོན་གནང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་ཞེས་བསྟན་གནང་ཡོད། “ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད”ཅེས་མུའུ་ཝུའེ་ཉིས་ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ལ་གདེང་འཇོག་གང་ལེགས་བྱས་པ་དང་། འབྱུང་འགྱུར་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    “འདི་ལོ་ནི་ཐན་ཙན་ནི་ཡ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། ལོ་60ཡི་རིང་རྒྱལ་ཁབ་གཉིས་པོའི་མཐུན་སྒྲིལ་མཛའ་གྲོགས་དང་ཟོལ་མེད་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད” མུའུ་ཝུའེ་ཉིས“ཐན་ཙན་ནི་ཡ་དང་ཀྲུང་གོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཀྲུང་གོས་གཏོང་ཕོད་ཆེན་པོས་ཐན་ཙན་ནི་ཡ་དང་ཙན་པི་ཡར་ལྕགས་ལམ་སྐྲུན་རོགས་བྱས་པ་ང་ཚོས་བརྗེད་མི་སྲིད། ཀྲུང་གོའི་རོགས་རམ་འོག་ཐན་ཙན་ནི་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་པ་གསར་པ་མངོན་པ་དང་ཐན་ཙན་ནི་ཡའི་ཞིང་ལས་ཐོན་རྫས་ཧ་ཅང་མང་པོ་ཀྲུང་གོའི་ཁྲོམ་རར་བཏོན་ཡོད”ཅེས་བཤད།

    མུའུ་ཝུའེ་ཉིས“ཐན་ཀྲུང་མཉམ་ལས་ཀྱིས་སང་ཀི་པར་གྱི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ་དང་ས་གནས་དེ་གའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་ཡོད། ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ལས་སང་ཀི་པར་ལ་ཕན་པ་ཆེན་པོ་ཐོབ་ཡོད། ཀྲུང་གོའི་ཁེ་ལས་སང་ཀི་པར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་གནམ་ཐང་དང་། གཞུང་ལམ། སྨན་ཁང་། གསོལ་མགྲོན་ཁང་སོགས་བསྐྲུན་པས་སང་ཀི་པར་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། སང་ཀི་པར་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་ཨང་3པ་དེ་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པ་ཞིག་རེད། དེང་རབས་ཅན་གྱི་གནམ་ཐང་བབས་ཚུགས་དེས་མི་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས་སང་ཀི་པར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།