དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཞིང་སྤྱོད་མི་མེད་གནམ་གྲུར་དགའ་བསུ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-23

    ཏ་ཅང་ཀུང་སིའི་ཞིང་སྤྱོད་མི་མེད་གནམ་གྲུས་ཞིང་ནང་དུ་ལས་ཀ་བྱེད་བཞིན་པ།

    ཀྲུང་གོའི་ཏ་ཅང་ཀུང་སི་ནི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལྡན་པའི་མི་མེད་གནམ་གྲུ་བཟོ་མཁན་ཡིན་པ་དང་ཁོང་ཚོས་ཞིང་ལས་ཁྲོམ་ར་གསར་སྤེལ་གང་མགྱོགས་བྱེད་བཞིན་ཡོད་པ་རེད། ཀུང་སི་དེས་བཟོས་པའི་མི་མེད་གནམ་གྲུས་ན་གཞོན་ཞིང་པ་གཙོ་བོར་བྱས་པའི་ཁྲོམ་རའི་དགོས་མཁོར་གཞིགས་པས། ལོ་5ཡི་རིང་བྲིན་ཚོང་བྱེད་ཚད་ལྡབ་15ཙམ་འཕར་བ་དང་རིམ་རྩིས་བརྒྱབ་ན་གནམ་གྲུ་ཁྲི་30ཟིན་ཡོད།

    ཀྲུང་གོའི་གྲོང་གསེབ་ཏུ་མི་ཚོས་མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་ཞིང་སྨན་གཏོར་བ་མཐོང་མང་དུ་འགྲོ་བཞིན་ཡོད། པར་ལེན་ལ་སྤྱོད་པའི་མི་མེད་གནམ་གྲུ་དང་མི་འདྲ་བར་ཞིང་སྤྱོད་མི་མེད་གནམ་གྲུར་ཞིང་སྨན་དང་ས་བོན་ཉར་ཚགས་བྱེད་སའི་སྣོད་ཆས་དང་དེ་བཞིན་ཞིང་སྨན་གཏོར་ཆས་བསྒར་ཡོད་པ་རེད། ཞིང་སྨན་གཏོར་ཆས་སྤྱོད་སྐབས་ཞིང་སྤྱོད་མི་མེད་གནམ་གྲུ་གསར་ཤོས་དེས་སྐར་མ་རེར་ཞིང་སྨན་ཧྲེང་18གཏོར་ཐུབ་ཀྱི་ཡོད། ཞིང་སྤྱོད་མི་མེད་གནམ་གྲུས་མཁའ་དབྱིངས་ནས་ས་ཞིང་གི་ཆེ་ཆུང་དང་བཟོ་ལྟ་སོགས་གྲངས་གཞི་པར་ལེན་བྱས་རྗེས་རང་འགུལ་ངང་ལམ་ཐིག་བཟོས་ཏེ་འགལ་རྐྱེན་དངོས་པོར་གཡོལ་རྗེས་འཕུར་སྐྱོད་བྱེད་ཀྱི་ཡོད།

    ཀྲུང་གོའི་ཡངས་པའི་ས་གཞིའི་སྟེང་དུ་ཞིང་སྤྱོད་མི་མེད་གནམ་གྲུ་ཆུ་འབྲས་དང་། གྲོ ཨ་ཤོམ་བཅས་འདེབས་འཛུགས་ལ་སྤྱོད་པ་དང་། སྤྱོད་མཁན་གཙོ་བོ་ལོ་སུམ་ཅུ་ནས་བཞི་བཅུ་བར་གྱི་ན་གཞོན་ཞིང་པ་ཡིན་པ་རེད། གྲོ་དང་ཨ་ཤོམ་གྱིས་ལོ་ཏོག་གཙོ་བོར་བྱས་པའི་མེ་གླིང་དང་ཆུ་འབྲས་ཀྱིས་ལོ་ཏོག་གཙོ་བོར་བྱས་པའི་ཨེ་ཤེ་ཡ་ཤར་ལྷོར་ཀྲུང་གོའི་ཞིང་སྤྱོད་མི་མེད་གནམ་གྲུ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡར་ཀྲུང་གོའི་སྤུས་རྟགས་ཀྱི་ཞིང་སྤྱོད་མི་མེད་གནམ་གྲུ་འབྲོག་རར་རྩྭ་ངན་འཐུ་བར་སྤྱོད་པ་དང་རི་པིན་ཡང་ཀྲུང་གོའི་ཞིང་སྤྱོད་མི་མེད་གནམ་གྲུའི་ཁྲོམ་ར་གཙོ་བོ་རེད།

    —— 《རི་པིན་གྱི་དཔལ་འབྱོར་གསར་འགྱུར》ཐོག་འཕྲིན་སྤེལ་བྱས་པ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།